ཟླ8པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ཏེ། གཞི་རིམ་ཏང་འཛུགས་ཀྱི་བཙན་རྫོང་བཟོ་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བར་བརྟེན་ནས། ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་ཀྱི་གཅིག་སྡུད་ནུས་པ་དང་འབད་འཐབ་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་གཙོར་བཟུང་སྟེ། ཉམས་མྱོང་དང་བྱེད་ཐབས་སྤྱི་བསྡོམས་བྱས་པ་དང་། གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། གོ་རིམ་རྗེས་མའི་གཞི་རིམ་ཏང་འཛུགས་བྱ་བར་བཀོད་སྒྲིག་བྱས།
ཚོགས་ཐོག་ཏུ་བསྟན་དོན། ད་ལོར། ས་ཆ་སོ་སོ་དང་ལས་ཁུངས་སོ་སོས་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱེད་པའི་གལ་ཆེའི་རང་བཞིན་གྱི་ངོས་ཤེས་ཇེ་ཟབ་ཏུ་བཏང་ཞིང་། ཏང་འཛུགས་ནན་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། ཏང་འཛུགས་ཀྱིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་ཕན་ནུས་རྒྱུན་ཆད་མེད་པར་ཇེ་གསལ་དུ་བཏང་བ་དང་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་རིམ་སྤོར་བྱས་ཤིང་། ཏང་གི་རྒྱལ་དབང་ཁེ་ལས་ཀྱི་མགོ་ཁྲིད་སྔར་ལས་ནུས་ཡོད་དུ་བཏང་ཞིང་། གཞུང་བཙུགས་སྨན་ཁང་གི་ཏང་འཛུགས་སྤུས་ཚད་རྒྱུན་མཐུད་སྒོས་མཐོར་འདེགས་དང་། མཐོ་རིམ་སློབ་གྲྭའི་ཏང་འཛུགས་ཀྱི་གསར་གཏོད་གཉིས་ཀྱི་བྱ་བར་གྲུབ་འབྲས་ནུས་ལྡན་བླངས་ནས། ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་བཏང་།
ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་དངོས་འབེབས་གཏིང་ཟབ་བྱས་ཏེ། ལས་འགན་ཚད་སྡུར་གྱིས་བར་ཁྱད་འཚོལ་བ་དང་། འཕེལ་རིམ་དཔེ་སྐུར་གྱིས་མི་འདང་ས་འཚོལ་བ། དངོས་འབེབས་ནན་འཛིན་གྱིས་ཕན་འབྲས་ལོན་པར་བྱེད་དགོས། ཏང་ཡོན་གྱི་ཉིན་རྒྱུན་དོ་དམ་ལ་རྒྱུན་རྣམ་ཅན་གྱིས་ཤུགས་སྣོན་བྱས་ཏེ། ནན་མོ་ནས་མགོ་རྩོམ་པ་དང་དོ་དམ་མཐའ་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། འཐབ་འཛིང་བཙན་རྫོང་ཇེ་བརྟན་དུ་བཏང་སྟེ། གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་ཀྱི་གཙོ་གནད་ལས་འགན་དངོས་འབེབས་ཞིབ་ཚགས་བྱེད་པར་སྐུལ་འདེད་གཏོང་དགོས། རྐྱེན་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ཕན་ནུས་ལ་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་ཏང་འཛུགས་བྱ་བའི་སྤུས་ནུས་ཤུགས་ཆེན་པོས་ཇེ་ཆེར་གཏོང་དགོས། རིགས་བགར་ཇུས་བསྟར་ལ་ཤུགས་སྣོན་བྱས་ཏེ། ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བ་གསར་གཏོད་ལྡན་པར་སྤེལ་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ཏུ། གཞི་རིམ་ནན་འཛིན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་བརྟན་པོར་བཏང་སྟེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། དཔེ་མཚོན་དཔེ་སྟོན་ཤུགས་དྲག གཅིག་འདོམས་ནུས་ཚད་ཇེ་ཆེར་བཏང་ནས། གཞི་རིམ་ཏང་འཛུགས་ཀྱི་བྱ་བ་ཁག་སོ་སོ་དམ་འཛིན་དངོས་གཉེར་བྱས་ཏེ་གྲུབ་འབྲས་ལེན་དགོས་པའི་བླང་བྱ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།