ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲིན་འདུ་རྫོང་གིས་སྔོན་ཆད་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་ལ་ཟུར་ལྟ་བྱས་ནས་དོ་དམ་བྱེད་པའི་ལས་དོན་སྡེ་ ཁག་གི་མི་སྣར་ཁག་བགོས་བཀོད་སྒྲིག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ཆེད། ཞིང་ཆེན་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་དང་རེ་བ་ལྟར། དུས་ཐོག་ཏུ་སྔོན་ཆད་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་ལ་ཟུར་ལྟ་བྱས་ནས་དོ་དམ་བྱེད་པའི་ལས་ཁུངས་ཀྱི་ལས་དོན་མི་སྣའི་ཁག་བགོས་བྱ་བར་ཡང་བསྐྱར་ངོས་འཛིན་བྱེད་པའི་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཁག་བགོས་བཀོད་སྒྲིག་བྱ་བ་བཀོད་སྒྲིག་བྱས། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་བར་བརྗེ་རེས་དང་ཡར་ཞུ་བྱས་པ་དང་། ཁག་བགོས་མི་སྣར་ཁ་བརྡ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མི་སྣ་ཁག་བགོས་བཀོད་སྒྲིག་བྱ་བར་ཞིབ་འཇུག་ནན་མོ་བྱས་པ་དང་གནད་ཕིགས་ཞིབ་གཅོད་བྱས་ནས། ཁག་བགོས་བཀོད་སྒྲིག་མི་སྣ་ཁག་བགོས་ཀྱང་ཁ་ཐོར་མི་བྱེད་པར་ཁག་ཐེག་བྱས།
རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་བྱེད་པ་དང་། རྫོང་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་པ་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མཉམ་འཛིན་མཉམ་སྡོམ་བྱེད་པ། འབྲེལ་ཡོད་སྡེ་ཁག་གི་ལག་བསྟར་བཟང་བོ་བྱེད་པའི་བྱ་བའི་རྐྱེན་སྲོལ་བརྒྱུད་དེ། མི་དང་ལས་རྐང་བར་ཕན་ཚུན་མཐུན་པོ་ཡོང་བར་བྱེད་རྒྱུ་དེ་བཀོད་སྒྲིག་སྤུས་ཚད་ཇེ་མཐོར་གཏོང་བའི་རྐང་འཛུགས་སུ་བྱས་ནས། ཁག་བགོས་མི་སྣའི་མི་སྒེར་གྱི་འཇོན་ནུས་དང་བཀོད་སྒྲིག་སྡེ་ཁག་གི་དགོས་མཁོ་ཕན་ཚུན་ཆ་འགྲིག་ཡོང་བར་སྐུལ་འདེད་བཏང་། དེ་དང་མཉམ་དུ། ལས་དོན་སྡེ་ཁག་ཁག་བགོ་བ་དང་ལོ་ཚོད་ལ་ཐོན་དུས་ལས་འཁྱུར་ངལ་གསོ་བྱེད་པ། ཆ་རྐྱེན་དང་མཐུན་པའི་མི་སྣར་གཞུང་ཞབས་པའི་ལས་སྤོར་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་བཀོལ་ནས། བཅོས་བསྒྱུར་སྡེ་ཁག་བཅུ་ཡི་ཁག་བགོས་བྱེད་དགོས་པའི་མི་སོ་བཞི་ལ་རིམ་པ་བཞིན་བཀོད་སྒྲིག་བྱས། མིག་སྔའི་བར་དུ། མི་ཉེར་བདུན་ལ་ཁག་བགོས་བཀོད་སྒྲིག་བྱས་པ་དང་། དེའི་ཁྲོད། མི་བཅུ་དྲུག་ལས་དོན་སྡེ་ཁག་ལས་སྤོར་བྱས་ལ། མི་བཅུ་གཅིག་ལ་སྲིད་ཇུས་རང་བཞིན་གྱིས་བཀོད་སྒྲིག་བྱས། ཁག་བགོས་བཀོད་སྒྲིག་བྱ་བའི་བརྒྱུད་རིམ་ཧྲིལ་བོར་གོ་རིམ་ལྡན་ཞིང་བརྟན་བརླིང་ངང་བར་བརྒལ་བྱས།
ཁག་བགོས་མི་སྣ་མྱུར་དུ་ལས་རྐང་གསར་བ་དང་འཚམ་པར་བྱེད་པ་དང་། བྱ་བའི་འགན་འཁྲི་ལ་རྒྱུས་ལོན་ཡང་དག་བྱེད་ཆེད། བཅོས་བསྒྱུར་སྡེ་ཁག་སོ་སོས་གཅིག་བསྡུས་སྒོས་སློབ་སྦྱོང་དང་ཞིབ་སྡུར་བྱེད་པ་དང་། བཞུགས་མོལ་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ཁག་བགོས་མི་སྣར་ལས་ཞུགས་གསོ་སྦྱོང་བྱས་པ་དང་། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བརྟན་པོ་གཏན་ཁེལ་བྱས་ལ། ཁག་བགོས་མི་སྣའི་བྱ་བའི་ནུས་པ་དང་འགན་སྒྲུབ་ནུས་པ་མཐོར་འདེགས་བཏང་ལ། བྱ་བའི་ཐད་ནས་ཕན་ལྡན་ངང་སྦྲེལ་མཐུད་བྱེད་པར་འགན་སྲུང་བྱས།
རིན་ཆེན་མཚོས་བསྒྱུར།