ཟླ8པའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུས་ནས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པའི་བྱ་འགུལ་གཙོ་བོ་སྟེ་རིག་གཞུང་ལས་རིགས་ཀྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་དག་ཟི་ལིང་དུ་འཛོམས་ནས། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་རིག་གཞུང་ཞིབ་འཇུག་གྲུབ་འབྲས་དང་རྒྱུན་འཛིན་དར་སྤེལ་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ཤིང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ཐབས་ལམ་དང་རིག་གནས་དྲིལ་སྒྲོག་རྣམ་པར་ཧུར་ཐག་སྒོས་འཚོལ་ཞིབ་བྱས།
ཚོགས་འདུའི་སྟེང་། ཆེད་ལས་མཁས་པ་བཅུ་གསུམ་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ལ་ཞིབ་འཇུག་དང་འགྲེལ་བཤད་ཞིབ་མོ་བྱེད་པའི་བརྗོད་དོན་ལ་དམིགས་ཏེ། དུས་རབས་གསར་པར་མདེལ་གཉིས་སྐར་གཅིག་སྙིང་སྟོབས་དང་ཚན་རིག་པ་རྒན་པ་རྣམས་ཀྱི་སྙིང་སྟོབས་ཇི་ལྟར་རྒྱུད་འཛིན་དར་སྤེལ་ལེགས་པོ་བྱེད་པ་དང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་དེ་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་བྱ་བའི་ཁྲོད་ཇི་ལྟར་འདྲེས་པར་བྱེད་པ། སྤྱི་ཚོགས་ཡོངས་སུ་མདེལ་གཉིས་སྐར་གཅིག་སྙིང་སྟོབས་དྲིལ་སྒྲོག་སློབ་གསོ་ཇི་ལྟར་སྤེལ་བ་སོགས་ཀྱི་ཐད་ནས་གཏམ་བརྗོད་ལེགས་པོ་སྤེལ་ནས། དུས་རབས་གསར་པར་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་ལེགས་པོ་གཏོང་བར་ནུས་པ་བླ་ལྷག་ཐོན་ཡོད།
ཚང་མས་ལང་ལོང་སྒོས་བསྟན་དོན། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། ངེས་པར་དུ་གཅེས་སྤྲས་བཟང་པོ་བྱེད་པ་དང་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རིག་གཞུང་ལས་རིགས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། ཐོག་མའི་སེམས་འདུན་དང་ལས་འགན་ཡིད་ལ་དམ་པོར་བཟུང་སྟེ། དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་དང་དངོས་གཉེར་སྤྱོད་ཚུལ་གྱིས་རླབས་ཆེའི་སྙིང་སྟོབས་དེ་མདུན་སྐྱོད་སྟོབས་ཤུགས་སུ་བསྒྱུར་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།