ཟླ8པའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་ནས་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱ་འགུལ་གཙོ་བོ་ན་གཞོན་ཏང་ཡོན་དང་གུང་གཞོན་ཚོགས་མི་དང་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་བཞུགས་མོལ་ཚོགས་འདུ་དེ་ཟི་ལིང་དུ་བསྡུས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་འགན་ཁུར་བློ་མཐུན་གཙོ་བོ་དང་ན་གཞོན་ཏང་ཡོན་དང་གུང་གཞོན་ཚོགས་མི་སོགས་སྐུ་མགྲོན་སོ་ལྔ་མཉམ་གཅིག་ཏུ་འཛོམས་ནས་བརྗེ་རེས་བགྲོ་གླེང་སྤེལ་བ་དང་། དམར་པོའི་ཐོན་ཁུངས་དང་ན་གཞོན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་གཉིས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ཞིང་། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དེ་དུས་རབས་གསར་བར་བཀྲགས་མདངས་འཚེར་བར་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་སྙིང་སྟོབས་རྒྱུན་འཛིན་བྱས་ནས་དུས་རབས་གསར་བའི་མི་སྣ་སྐྱེད་སྲིང་བྱས་ཞེས་པའི་བརྗོད་དོན་ལ་དམིགས་ཏེ། ཟུར་སྣེ་མི་འདྲ་བ་ནས་དངོས་ཡོད་དང་འབྲེལ་ཞིང་། ན་གཞོན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཕན་ཚུན་སློབ་སྦྱོང་དང་དགེ་ལེན་སྐྱོན་སེལ། བློ་སེམས་གཅིག་མཐུན་དང་མཉམ་དུ་དར་སྤེལ་གཏོང་བ། མཉམ་དུ་མཐོར་འདེགས་གཏོང་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་། ཚོགས་འདུའི་སྟེང་། ཚོགས་ཞུགས་ལས་ཁུངས་བར་ན་གཞོན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དམར་པོ་མནའ་འབྲེལ་གྱི་ཐུན་མོང་གི་ངོས་འཛིན་གྲུབ་པར་མ་ཟད་ཡུལ་དངོས་སུ་སྒྲོག་སྤེལ་དང་སྒྲོག་འདོན་བྱས།
ཚང་མས་ལང་ལོང་སྒོས་བསྟན་དོན། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཏང་འཛུགས་སྙིང་སྟོབས་དང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལས་འགན་ཡིད་ལ་དམ་པོར་འཛིན་པར་སྣེ་སྟོན་ལེགས་པོ་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཔའ་བསྐྱེད་འབད་འཐབ་ཀྱི་སེམས་ཤུགས་ལ་བརྟེན་ནས་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་ལང་ཚོའི་ལས་འགན་དང་འགན་འཁྲི་ཁག་ཁུར་ལག་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་པར་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། མནའ་འབྲེལ་ལས་ཁུངས་ཀྱིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ། མཉམ་ལས་དམ་ཟབ་བྱས་པ་དང་མཉམ་དུ་འབད་བརྩོན་བྱས་ནས། ན་གཞོན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོར་རྒྱུན་མཐུད་སྒོས་ཤུགས་བསྣན་པ་དང་། དམར་པོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་དུས་རབས་གསར་བའི་མི་སྣ་སྐྱེད་སྲིང་བྱས།
ལྷ་མོ་འཚོས་བསྒྱུར།