མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པ་ཞེས་པ་དེ་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ཀྱི་ཕུལ་བྱུང་དཔེ་གཞིར་བདམས། 
2024.08.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 28

ཟླ8པའི་ཚེས29ཉིན། རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་སྲིད་ཇུས་ཁྲིམས་སྲོལ་བྱ་བའི་གྲོས་ཚོགས་སྐབས་སུ། 2022ལོ་ནས2023ལོའི་བར་གྱི་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ཀྱི་དཔེ་མཚོན་དཔེ་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་གྱིས་ལམ་ལུགས་རྐྱེན་སྲོལ་གྱི་བཀག་རྒྱ་གཏོར་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་ཧུར་ཐག་གིས་བསྐྲུན་པ་ཞེས་པ་དེ་ཕུལ་བྱུང་དཔེ་གཞིར་བདམས།

གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དཔྱད་འདེམ་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་བཅོས་སྒྱུར་གྱི་ཕན་འབྲས་གསར་པ་དང་ཉམས་མྱོང་གསར་པ་གསེད་བཀྲོལ་བྱེད་པ་དང་། ལག་ལེན་གྱི་གྲུབ་འབྲས་དང་གཞུང་ལུགས་ཀྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཕྱོགས་བསྡོམས་བྱེད་ཅིང་། འབྲེལ་ཡོད་དཔེ་གཞིས་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་འཆར་འགོད་བྱེད་པ་དང་། སྤྱིའི་དོ་དམ་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱེད་པ་དང་རིག་གནས་ཡུལ་སྐོར་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་འབྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་བཅོས་སྒྱུར་འཚོལ་ཞིབ་དང་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་མངོན་པ་དེ་ཡིན། 

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་ལས་འགན་གལ་ཆེན་ཞིག་ཡིན། ལོ་ངོ་གསུམ་གྱི་རིང་། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མ་ལག་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་དང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཤིང་། བཅོས་སྒྱུར་གྱི་བསམ་ཕྱོགས་ལ་བརྟེན་ནས་བྱ་བར་སྐུལ་འདེད་དང་འཆར་འགོད་བྱས་པ་དང་། བཅོས་སྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་དཀའ་གནད་ཐག་གཅོད་བྱས་ནས། མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་པ་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པའི་བྱེད་ཐབས་གལ་ཆེན་སུ་བརྩིས་པ་དང་། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་ཐོན་རྫས་འདོན་སྤྲོད་གང་ལེགས་བྱེད་པ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་སྤུས་ཚད་མཐོར་འདེགས་གཏོང་བ། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱེད་ཅིང་། ཟོང་རྟགས་ཀྱི་མ་ལག་བསྐྲུན་པ་དང་། ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ཤུགས་བཏོན་ནས། མི་འདང་སར་ཁ་གསབ་དང་ཞན་སར་ཤུགས་བསྣན་པ་དང་། རྨང་གཞི་སྲ་བརྟན་བཏང་ཞིང་། དགེ་མཚན་འདོན་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་བླངས། 

ལྷ་མོ་འཚོས་བསྒྱུར།