ཟླ8པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་རྩ་འཛུགས་གསར་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་སྤྱི་ཚོགས་རྩ་འཛུགས་གསར་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་མཐུན་ཚོགས་ཚོང་ཚོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་སྤྱི་ཚོགས་གསར་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་སྤྱི་ཚོགས་རྩ་འཛུགས་གསར་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལས་ཁུངས་དང་ཟུར་ཞུགས་ལས་ཁུངས་ཀྱི་མིང་ཐོར་གྲོས་ཞིབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྒྲིག་སྲོལ་ལ་ཞིབ་འཇུགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་གི་འཛུགས་སྐྲུན་བཀོད་སྒྲིག་བྱེད་པར་དུས་རབས་གསར་བའི་ཁེ་ལས་གཉིས་དང་གསར་བ་གསུམ་གྱི་ཏང་འཛུགས་བྱ་བ་ལེགས་པོར་བསྒྲུབ་པའི་དོན་སྙིང་གལ་ཆེན་གསལ་བོར་རྟོགས་དགོས་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པའི་མཐོ་ཚད་ལ་གཞིགས་ནས། འགན་འཁྲི་ཁུར་སེམས་དང་དགོས་གཏུག་འདུ་ཤེས་མཐོར་འདེགས་གཏོང་བ་དང་། གནས་བབ་དང་ལས་འགན་གྱི་འགྱུར་ལྡོག་དང་ལས་ཁུངས་བཅོས་སྒྱུར་གྱི་བླང་བྱར་རྐང་བཙུགས་ཏེ། ཁོངས་གཏོགས་ལས་ཁུངས་ལེགས་སྒྲིག་དང་གཞུང་དོན་གྲོས་མོལ་བྱེད་སྲོལ་འཐུས་ཚང་དུ་བཏང་ནས། ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་བསྟན།
གྲོས་ཚོགས་སྟེང་། གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་གཅིག་གྱུར་བྱེད་པ་དང་། ཡོད་མེད་ཀྱི་གནད་དོན་དང་བཟང་ངན་ལེགས་ཉེས་ཀྱི་གནད་དོན་ཐག་གཅོད་པ་ཟུང་འབྲེལ་བྱས་ཏེ། བསམ་བློ་འཛུགས་སྐྲུན་དང་། རྩ་འཛུགས་འཛུགས་སྐྲུན། རུ་ཁག་འཛུགས་སྐྲུན་དང་། སྒྲིག་ལམ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་དང་བྱ་བར་ཟབ་ཞུགས་བཅས་ཀྱི་ཐད་ཤུགས་བཏོན་ནས། ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་བྱ་བའི་རྣམ་པ་གསར་པ་བསྐྲུན་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་བྱ་བ་སྤེལ་བ་དང་། བསམ་གཞིགས་བཏང་ནས་འཆར་འགོད་ཞིབ་མོ་བྱེད་པ། བྱ་བའི་གཅིག་འདོམས་ལ་ཤུགས་སྣོན་པ། བྱ་བའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། དཔེ་སྟོན་དཔེ་མཚོན་བསྐྲུན་པ། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། བྱ་བའི་འགན་འཁྲི་དངོས་འབེབས་བྱས་ཏེ། ལག་བསྟར་བྱེད་ཤུགས་དང་དོན་འཁྱོལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་གཉིས་དང་གསར་པ་གསུམ་གྱི་ཏང་འཛུགས་བྱ་བ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།
ལྷ་མོ་འཚོས་བསྒྱུར།