ཉེ་སྔོན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ2024ལོའི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་གཉིས་ལག་བསྟར་བྱས་ནས། གཞུང་སྒྲུབ་རྒན་གསོ་བྱིས་གཉོར་ཞབས་ཞུ་ལས་ཁུངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ལས་གཞི་ལེགས་འགྲུབ་བྱས་རྗེས། རྒན་གསོའི་ཉལ་ཁྲི་བརྒྱ་དང་། བྱིས་པའི་གཉོར་གནས་སྟོང་གཅིག་དང་བདུན་བརྒྱ་ང་ལྔ་གསར་སྣོན་བྱེད་རྒྱུ་རེད།
ངོ་སྤྲོད་བྱས་པ་ལྟར་ན། མི་གྲངས་རྒན་འགྱུར་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒན་གསོ་གཉོར་སྐྱོང་ཞབས་ཞུའི་ནུས་ལྡན་མཁོ་འདོན་རྒྱུན་མཐུད་ངང་རྒྱ་བསྐྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་སྲིད་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་དང་མཉམ་དུ་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། ཟླ་ལྟར་ལས་འགོ་རྩོམ་པ་དང་དངུལ་གཏོང་ཡོངས་འགྲུབ་བྱེད་པ། དངུལ་སྟེར་བ་སོགས་ཀྱི་གྲུབ་འབྲས་ལེན་ཚད་ལ་བཀོད་གཏོང་བྱས་པ་དང་། ལས་གཞི་དུས་བཀག་ལྟར་ལེགས་འགྲུབ་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱས་ལ། དུས་ཐོག་ཏུ་དངུལ་གཏོང་ཕན་འབྲས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་རྒན་གསོ་བྱིས་སྐྱོང་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས།
རིན་ཆེན་མཚོས་བསྒྱུར།