མི་དམངས་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་མཁའ་ཟོན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཁའ་ཟོན་ཉེན་བརྡ་བརྡ་རྟགས་ལ་རྒྱུས་གོམས་ཡོད་ཆེད་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་ཟོན་བཅའ་ཁྲིམས་དང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཁའ་ཟོན་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་གཏན་འབེབས་གཞིར་བཟུང་ནས། 2024ལོའི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད་བཅུ་དང་སྐར་མ་བཅུ་གཅིག་གི་སྟེང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་ཁྱབ་ཁོངས་སུ་མཁའ་ཟོན་ཉེན་བརྡ་ཚོད་ལྟའི་ཚུལ་གྱིས་གཏོང་རྒྱུ་ཡིན། ཉེན་བརྡ་གཏོང་བའི་དུས་སྐབས་སུ། ཚང་མས་མཁའ་ཟོན་ཉེན་བརྡའི་བརྡ་རྟགས་ངོས་ཟིན་པར་དོ་སྣང་བྱ་དགོས་ལ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་གོ་རིམ་རྒྱུན་འཁྱོངས་བྱ་དགོས།