2024ལོའི་ཟླ9ཚེས9ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་བྱེད་སྒོ་སྟེ། “ཀྲུང་ཧྭའི་ཕུགས་འདུན་སྙན་མོ་གླུ་ཡིས་བསྟོད།”ཅེས་པའི་མི་རིགས་སྲོལ་རྒྱུན་གདོད་མའི་རིག་རྩལ་གྱི་འགྲེམ་སྟོན་འགྲན་སྡུར་ཆེན་མོ་སྐབས་ལྔ་བ་དང་རིག་རྩལ་གྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་བརྗོད་དོན་གཙོ་བོའི་མུ་འབྲེལ་བྱེད་སྒོ་མགོ་བརྩམས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་པེ་ཅིན་བོད་ལྗོངས་ཐོག་ཁང་ཆེན་མོའི་ཟློས་གར་ཁང་ཆེན་ནས་འཚོགས།