ཟླ9ཚེས13ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་འབྲི་སྟོད་རྫོང་ཀུན་འདུས་ཉོ་ཚོང་ཁྲོམ་ར་རུ་རོང་འབྲོག་པའི་ལོ་ལེགས་དུས་ཆེན་དང་ནེ་པ་ལ་དང་འབྲི་སྟོད་ཀྱི་ཉོ་ཚོང་འགྲེམ་སྟོན་འདུ་ཚོགས་མགོ་རྩོམ་མཛད་སྒོ་བསྡུས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་འདུ་ཚོགས་ཀྱི་དུས་ཡུན་ཉིན་བདུན་ཡིན་ལ། ནེ་པ་ལ་དང་། འབྲུག་ཡུལ་སོགས་རྒྱལ་ཁབ་དང་། ས་གནས་རང་ནས་ཐོན་པའི་ཁེ་ལས་ལྔ་བཅུ་ལྷག་འགྲེམ་སྟོན་ལ་ཞུགས་ཡོད། འགྲེམ་སྟོན་སྟེང་། རིགས་སོ་སོའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་། ཕྱུགས་ལས་ཐོན་རྫས་བསྟར་ལ་རྒྱུས་ཤིང་། མཛེས་སྡུག་ཡིད་དུ་འོང་བས། འབྲི་སྟོད་རྫོང་གིས་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་མངོན་པར་མཚོན་ཡོད། ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚོང་རྫས་དང་འབྲི་སྟོད་རྫོང་གི་ས་གནས་ཀྱི་ཐོན་རྫས་ཕྱོགས་གཅིག་ཏུ་འདྲེས་པར་བྱས་པ་དེ་ལས། འཛད་སྤྱོད་པར་སྣ་མང་ཕུན་ཚོགས་ཀྱི་གདམ་ཀ་བསྩལ་ཡོད་པར་མ་ཟད། ས་གནས་གཉིས་ཀྱི་ཉོ་ཚོང་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབྲེལ་ཟམ་བརྟན་པོ་བཙུགས་ཡོད།
འགྲེམ་སྟོན་འདུ་ཚོགས་བདེ་ལེགས་ངང་བསྡུས་པ་ལས། འབྲི་སྟོད་རྫོང་གི་ཞིང་ཕྱུགས་ལས་རིགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པར་མཚོན་ཐུབ་པར་མ་ཟད། གྲོང་གསེབ་དར་སྤེལ་འཐབ་ཇུས་གནས་དེར་ལག་བསྟར་བྱས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པའང་ཤེས་ཐུབ་ཅིང་། འབྲི་སྟོད་རྫོང་གི་ཕྱི་ཕྱོགས་སྒོ་འབྱེད་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། འབྲི་སྟོད་རྫོང་དང་མཐའ་འཁོར་ས་ཁུལ་བར་གྱི་དཔལ་འབྱོར་མཉམ་ལས་ཐད་སྔར་ལས་སྐུལ་འདེད་བཏང་ནས། དགེ་མཚན་གསབ་རེས་དང་མཉམ་དུ་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་ཐུབ།
རིག་འཛིན་སྒྲོལ་མས་བསྒྱུར།