ཟླ9ཚེས9ཉིན། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལ་གཞིགས་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་སྔོན་གྱི་རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་ཇུས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་པ་ནས་འགོ་བཙུགས་ཏེ། རིམ་པ་སོ་སོའི་ཀྲུང་བོད་སོག་གསུམ་གྱི་སྨན་བཅོས་ལས་ཁུངས་ཀྱིས་དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་ཞབས་ཞུའི་གཏན་ཁེལ་ལས་ཁུངས་རེ་ཞུ་བྱེད་པར་སྣེ་ཁྲིད་དང་སྐུལ་སློང་བྱས་ནས། དབང་བོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དེའི་ཁྲོད་འདྲེས་པར་བྱས་ཤིང་། དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོ་ཞབས་ཞུའི་ལས་སྒོ་སྤེལ། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་དབང་བོ་སྐྱོན་ཅན་བྱིས་པར་ཀྲུང་བོད་སོགས་གསུམ་གྱི་སྨན་རྫས་བཀོལ་བའི་བདེ་ཐང་སླར་གསོའི་གཏན་ཁེལ་ལས་ཁུངས24ཡོད་ཅིང་། དེས་ཀྲུང་བོད་སྨན་རྫས་དེ་དབང་བོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོ་ཞབས་ཞུའི་ལས་དོན་ཁྲོད་བེད་སྤྱོད་དང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་།
ཀྲུང་བོད་སོག་གསུམ་གྱི་སྨན་བཅོས་ལས་ཁུངས་རྒྱུན་མཐུད་གོ་རིམ་ལྡན་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་ཐང་འཕྲོད་བསྟེན་དང་། སྨན་བཅོས་འགན་སྲུང་སོགས་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། བདེ་ཐང་སླར་གསོའི་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས71སྨན་བཅོས་འགན་སྲུང་ཁྲོད་བཞག་ཅིང་། དེས་བདེ་ཐང་སླར་གསོའི་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས150ཁྲོད་དུ་བརྒྱ་ཆའི་ཞེ་བདུན་དང་གྲངས་ཆུང་གསུམ་གསུམ་ཟིན་ཡོད། ནོར་སྲིད་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་ལོ་གཅིག་ནས་ལོ་དྲུག་ཅན་གྱི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཁྱབ་ཁོངས་དེ་ལོ་གཅིག་ནས་ལོ་བཅུ་བདུན་བར་རྒྱ་བསྐྱེད་པ་དང་། རོགས་སྐྱོབ་ཚད་གཞི་སྒོར800ནས་སྒོར66000ལ་སླེབས་པར་བྱས་ནས། ཀྲུང་བོད་སོག་གསུམ་སྨན་བཅོས་ལས་ཁུངས་ཀྱི་དབང་བོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སྨན་བཅོས་དང་། བདེ་ཐང་སླར་གསོའི་སྦྱོང་བརྡར། རོགས་འདེགས་ཡོ་ཆས་སྡེབ་སྒྲིག་བྱེད་པ། རྒྱབ་སྐྱོར་རང་བཞིན་གྱི་ཞབས་ཞུ་སྒྲུབ་པ་སོགས་བདེ་ཐང་སླར་གསོའི་ཞབས་ཞུའི་ཐད་མ་དངུལ་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།
དུས་མཉམ་དུ། སྐམ་ཁབ་དང་ཕུར་མཉེད། ལོང་པའི་ཕུར་མཉེད་སོགས་ཀྲུང་བོད་སྨན་རྫས་ཀྱི་ཁྱད་ལྡན་བཅོས་ཐབས་ལག་ལེན་དང་དེ་ཁྱབ་གདལ་ཧུར་ཐག་བཏང་ནས་ཁྱད་ཆོས་ལྡན་པའི་བདེ་ཐང་སླར་གསོའི་ལས་དོན་སྤེལ། སྲོལ་རྒྱུན་གྱི་བདེ་ཐང་སླར་གསོ་བྱེད་ཐབས་དང་དེང་རབས་ཀྱི་བདེ་ཐང་སླར་གསོ་བྱེད་ཐབས་ཕྱོགས་ཀྱི་ཕན་ནུས་ལྡན་པའི་ཐབས་ལམ་འཚོལ་ཞིབ་དང་ལག་ལེན་དུ་བཏབ་སྟེ། མི་ཐེངས་ཉིས་ཁྲི་ཆིག་སྟོང་བཞི་བརྒྱ་ལ་ཞབས་ཞུ་བསྒྲུབས་ཤིང་། དབང་བོ་སྐྱོན་ཅན་གྱི་བདེ་ཐང་ཞབས་ཞུའི་བྱ་བར་ཀྲུང་བོད་སྨན་རྫས་ཀྱི་ཁྱད་ལྡན་ཉམས་མྱོང་དང་བློ་གྲོས་ཕུལ་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།