རྐང་ཐང་བྱ་འགུལ་གྱི་ཡུལ་དངོས།
ཟླ9པའི་ཚེས30ཉིན། “མཚོ་སྔོན་པོར་སྲུང་སྐྱོང་བྱེད། ང་ནི་དང་བླངས་པ་ཡིན”ཞེས་པའི2024ལོའི་རྒྱལ་སྟོན་བསུ་བའི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྐང་ཐང་བྱ་འགུལ་དེ་མཚོ་སྔོན་པོའི་ནུར་ལྕེ་མཛེས་ལྗོངས་ཁུལ་དུ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་སྟོབས་ཤུགས་སྔར་ལས་མང་པོ་གཅིག་ཏུ་བསྡུས་ནས། སྤྱི་ཚོགས་ཀྱི་སྤྱི་དམངས་སྔར་ལས་མང་པོ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་རྒྱུར་ཁྲིད་སྟོན་བྱ་ཆེད་རེད།
མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེས་ཆེ་བ་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཚོ་སྔོན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་མ་ཤུགས་ཆེན་བཏང་བས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་ཡོད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྐང་ཐང་བྱ་འགུལ་ཡང་ལོ10ལ་སྤེལ་བ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཟོང་རྟགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་པ་དང་བསྟུན་ནས་ཐཱན་ཉུང་དང་། ལྗང་མདོག མི་གཞུང་། བདེ་ཐང་བཅས་ཀྱི་འདུ་ཤེས་མིའི་སེམས་ཀྱི་ཟབ་སར་ཟུག་ཡོད།
ཐེངས་འདིའི་རྐང་ཐང་བྱ་འགུལ་ནི“མཉམ་དུ་སྲུང་སྐྱོབ་ཆེན་པོར་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི”གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། རིག་གནས་ལུས་རྩལ་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། རྐང་ཐང་དུ་འགྲོ་ཚད་སྤྱི་ལེ6.6ཟིན་པ་དང་། སྒྲིག་ཆས་ཆ་ཚང་བའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་དྲིལ་བསྒྲགས་དང་དེ་མིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་དང་། “མཚོ་སྔོན་པོར་སྲུང་སྐྱོང་བྱེད། ང་ནི་དང་བླངས་པ་ཡིན”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་སྟེང་མི་སྟོང་གིས་མིང་རྟགས་བཀོད་ཡོད་ལ། གད་སྙིགས་ཚུར་བསྡུ་བརྗེ་རེས་དང་སྐད་ཅིག་མའི་པར་རིས་མཛེས་ཤོས། བརྙན་ལམ་འཚོལ་བསྡུའི་བྱ་འགུལ། སྤྲོ་སྣང་ཆེ་བའི་ལུས་རྩལ་བྱ་འགུལ་སོགས་སྤེལ་བ་དང་། དུས་མཚུངས་སུ“མཚོ་སྔོན་པོ། ང་ཚོའི་རྒྱལ་ཁབ་སྤྱི་གླིང”གི་པར་ལེན་བརྩམས་ཆོས་སྐོར་སྐྱོད་འགྲེམ་སྤེལ་བྱས།
རྐང་ཐང་དུ་བགྲོད་པའི་བརྒྱུད་རིམ་ཁྲོད། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ།དང་བླངས་པ། མཚོ་སྐོར་མང་ཚོགས། སྤྱི་ཚོགས་སྤྱི་ཕན་རྩ་འཛུགས་སོགས་མི900ལྷག་གད་སྙིགས་གཙང་དག་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། མཚོ་སྔོན་པོར་མཛེས་རྒྱན་སྤྲས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མི་རྣམས་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། ཉམས་ལེན་འབད་སྒྲུབ་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་། ལག་ལེན་བྱེད་མཁན། དྲིལ་བསྒྲགས་པ་བཅས་སུ་གྱུར། མགོ་རྩོམ་མཛད་སྒོའི་སྟེང་། ཚང་མས་མཉམ་དུ《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གླུ་གཞས་བཏང་ནས། ཆེས་མཛེས་པའི་མཚོ་སྔོན་པོར་སྤྲོ་ཉམས་ཀྱི་གླུ་སྒྲ་ལས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།
ཤ་བོ་རིན་མཚོས་བསྒྱུར།