ཟླ10པའི་ཚེས13ཉིན། མདོ་དབུས་མཐོ་སྒང་གི་ས་ཡོམ་ཆེན་པོའི་གནོད་འཚེ་ཚབས་ཆེན་རོགས་སྐྱོབ་མཉམ་ལས་མཉམ་ཞུགས་ཚོགས་པའི་གྲོས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། ཞིང་ཆེན་སྲིད་གཞུང་དང་། རྒྱལ་ཁབ་མེ་འགོག་མེ་གསོད་རོགས་སྐྱོབ་ཅུའུ། དེ་བཞིན་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ། ཞིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ནགས་ཚལ་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བ་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་མདོ་དབུས་མཐོ་སྒང་གི་ས་མཐོའི་ཡོམ་ཆེན་གེགས་སེལ་རོགས་སྐྱོབ་ཀྱི་མཉམ་ལས་ལམ་སྲོལ་བཙུགས་པ་དེ་ནི་དུས་རབས་གསར་པར་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་དང་ནུས་པའི་དེང་རབས་ཅན་གཏོང་བའི་འཚོལ་ཞིབ་ནུས་ལྡན་ཞིག་ཡིན་ལ། ས་ཁོངས་ནང་གི་མཁོ་བསྟུན་རོགས་སྐྱོབ་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། མཉམ་འབྲེལ་རོགས་སྐྱོབ་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་ནས་ས་བབ་མཐོ་བའི་ས་ཁུལ་གྱི་གནོད་འཚེ་ཚབས་ཆེན་སེལ་བའི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་མཉམ་འབྲེལ་ལྔ་དང་རོགས་རེས་ལྔ"ཡི་བྱ་བའི་ལམ་སྲོལ་ལག་བསྟར་བྱས་ནས་གཙོ་གནད་རོགས་ལས་རྣམ་གྲངས་འཚོལ་ཞིབ་དང་། མདོ་དབུས་མཐོ་སྒང་གི་ས་མཐོའི་ས་ཁོངས་ཀྱི་ཁྱད་ཆོས་ལ་དམིགས་ནས་ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། བྱེད་ཐབས་གསར་པ་བཅས་བེད་སྤྱོད་ཞིབ་འཇུག་བྱེད་པའི་ལམ་སྲོལ་དང་ཐབས་ལམ་གསར་གཏོད་བྱས་ཏེ་ལག་གདང་སྦྲེལ་ནས་སྒོ་འབྱེད་མཉམ་ལས་བྱེད་དགོས། མཉམ་འདྲེས་ལ་བསྟེན་ནས་འཕེལ་རྒྱས་ལ་སྐུད་འདེད་གཏོང་བའི་ཁྲིད་ཕྱོགས་མངོན་གསལ་སྒོས་དམ་འཛིན་བྱས་ཏེ། ཕུགས་ལ་དམིགས་པ་དང་། ཁྱོན་ཡོངས་ལ་གཞི་ཚུགས་པ། ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་ཁོངས་ཀྱི་རོགས་ལས་སྤུས་ཚད་ཇེ་མཐོར་གཏོང་བ་དང་། སྔར་ལས་དངོས་གཉེར་གྱི་བྱེད་ཐབས་སྤྱད་དེ་མདོ་དབུས་མཐོ་སྒང་གི་ས་ཡོམ་ཆེན་མོའི་གེགས་སེལ་རོགས་སྐྱོབ་ལམ་སྲོལ་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས། མདོ་དབུས་མཐོ་སྒང་གི་ས་མཐོའི་ཁྱད་ལྡན་ཁོར་ཡུག་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱ་དགོས། གང་མགྱོགས་སྒོས་རོགས་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་བྱེད་པའི་ཁྲོད་མི་མངོན་པའི་ནུས་ཤུགས་སྔོག་འདོན་གཏིང་ཟབ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ལག་གདང་སྦྲེལ་ནས་དར་རྒྱས་གོང་འཕེལ་གྱི་ལམ་བུ་མཉམ་སྐྲུན་བྱེད་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་རུ་ཁག11གིས་མཉམ་དུ་གྲོས་བསྡུར་བྱས་ནས《མདོ་དབུས་མཐོ་སྒང་གི་ས་ཡོམ་ཆེན་པོའི་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་མཉམ་ལས་གྲོས་ཆོད》བཀོད།
ཚེ་མགོན་རྒྱལ་གྱིས་བསྒྱུར།