གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2024ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཞུགས་སྔོན་འཇོག་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ“མཚོ་སྔོན་གྱིས་ལས་ཞུགས་བྱེད་པའི”ལས་ཀའི་སྤུས་རྟགས་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་ལས་ཞུགས་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་དང་ངལ་རྩོལ་ཞབས་ཞུའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་རྩོལ་ནུས་ཤུགས་དེ་བས་མང་བ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས།
ཤེས་རྟོགས་བྱུང་བ་ལྟར་ན། རྨ་ལྷོ་ཁུལ་གྱིས་ལས་ཞུགས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་གཞི་སྤྱད་དེ་ཤེས་ལྡན་མི་སྣ་བསྡུས་ནས་ལས་གནས་སྣ་ཚོགས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་ལས་ཞུགས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་བ་རེད། ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་བར་ཁུལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས1415གསར་དུ་ལས་ཀར་ཞུགས་ཐུབ་པ་བྱུང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་101.07%ལེགས་གྲུབ་བྱུང་།
ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་གཞན་སྒྱུར་ཐད། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་ཕྱི་ནང་གི་ལས་གནས་དང་རེབ་གོང་སྒྱུ་རྩལ་རྩལ་ནུས་ལ་བརྟེན་ནས་ཕྱི་ཕྱོགས་སུ་ལས་ཞུགས་བྱེད་པ་དང་། ངལ་ནུས་སྦྲེལ་མཐུད། ངོ་འཕྲད་གྲོས་མོལ། རྩ་འཛུགས་དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་ཚོགས་འདུ། ཁ་ཕྱོགས་གཏན་འཁེལ་སྒོས་གདན་ཞུ་སོགས་ཀྱི་རྣམ་པ་བརྒྱུད་ནས་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་། ཟླ10བའི་ཚེས་ཚེས22ཉིན་བར། ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་བྱེད་ཚད་མི་ཐེངས་ཁྲི་གཉིས་ལྷག་ཟིན་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི100.67%ལེགས་གྲུབ་བྱུང་བ་དང་། དུས་མཚུངས་སུ། རྨ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཞོར་ལས་ཁྲོམ་ར་ཐོག་མ་དེ་བསྐྲུན་ནས་ཁྱབ་ཁོངས་སོ་སོའི་ལས་མི་བཀོལ་སྤྱོད་བྱེད་པའི་དགོས་མཁོ་བསྡུ་རུབ་བྱས་པ་དང་། འཛུགས་སྐྲུན་ལས་གཞི་དང་འབྲེལ་མཐུད་བྱས་ཏེ་ལས་ཞུགས་བསྡུ་ལེན་བྱེད་པ། སྲིད་ཇུས་རང་བཞིན་གྱི་ལས་གནས་བསྡུ་བའི་གཞི་ཁྱོན་སྔར་ལས་ཆེ་རུ་བཏང་སྟེ་ཐབས་ལམ་སྣ་ཚོགས་བརྒྱུད་ཚོགས་སྤྱི་སྣ་ཚོགས་ལས་ཞུགས་ལེགས་པོ་བྱེད་རྒྱུར་སྐུལ་འདེད་བཏང་།
འབྲུག་མོས་བསྒྱུར།