ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ཁྲིད་སྟོན་གྱི་གཞི་རིམ་བཅོས་སྐྱོང་ལྟ་ཞིབ་འབྲེལ་གཏུག་ས་ཚིགས་ཀྱི་འབྲེལ་ཡོད་བྱ་བ་གཏན་འཁེལ་བྱེད་པའི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་ཏང་འཛུགས་ཁྲིད་སྟོན་གྱི་གཞི་རིམ་བཅོས་སྐྱོང་ལྟ་ཞིབ་འབྲེལ་གཏུག་ས་ཚིགས་སོ་བརྒྱད་འཛུགས་རྒྱུ་གཏན་འཁེལ་གསལ་བོ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ཁྲིད་སྟོན་གྱི་གཞི་རིམ་བཅོས་སྐྱོང་ལྟ་ཞིབ་འབྲེལ་གཏུག་ས་ཚིགས་བཙུགས་པ་བརྒྱུད་དེ། གཞི་རིམ་བཅོས་སྐྱོང་གི་མདུན་དུ་ལྷགས་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་རྒྱུས་ལོན་བྱེད་ཅིང་། ས་གནས་སོ་སོའི་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་ཤོས་དུས་ཐོག་ཏུ་མཐོང་བ་དང་། གཞི་རིམ་བཅོས་སྐྱོང་གི་སྔོན་ཐོན་དཔེ་མཚོན་གྱོད་དཔེ་ཕྱོགས་བསྡོམས་བྱས་ཏེ། ཕྱོགས་གཅིག་གིས་ཕྱོགས་མང་པོ་སྐུལ་ཁྲིད་བྱེད་པའི་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་བརྟན་པོས་འཕར་བར་སྐུལ་འདེད་གཏོང་རྒྱུ་རེད།
བརྡ་ཐོ་ལས་མིག་སྔར་ཡུལ་ཚོ་དང་གྲོང་རྡལ་དགུ་དང་། སྲང་ལམ་དགུ སྡེ་བ་བཅུ་གཅིག སྡེ་ཁུལ་དགུ་བཅས་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ཁྲིད་སྟོན་གྱི་གཞི་རིམ་བཅོས་སྐྱོང་ལྟ་ཞིབ་འབྲེལ་གཏུག་ས་ཁུལ་ལ་གཏན་འཁེལ་བྱས་པར་མ་ཟད། རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བར་གཞིགས་ནས་ལས་འགན་དམིགས་འབེན་ཞིབ་ཕྲར་བཟོས། དེ་དང་མཉམ་དུ། རིམ་པ་སོ་སོའི་ཏང་ཨུའི་སྤྱི་ཚོགས་བྱ་བའི་སྡེ་ཁག་གིས་ཏང་འཛུགས་ཁྲིད་སྟོན་གྱི་གཞི་རིམ་བཅོས་སྐྱོང་གི་མཐུན་སྦྱོར་རྐྱེན་སྲོལ་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། འབྲེལ་གཏུག་རྐྱེན་སྲོལ་འཛུགས་པ་དང་། འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལྟ་ཞིབ་འབྲེལ་གཏུག་ས་ཚིགས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་པ་གཏན་འཁེལ་གསལ་བོ་བྱས།
ལྷ་མོ་འཚོས་བསྒྱུར།