པད་མ་རྫོང་གིས་ཧུར་ཐག་སྒོས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་བསྐྲུན།
2024.10.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ལས་བྱེད་པའི་དཔུང་སྡེ་སྟོབས་ཆེར་གཏོང་བ་དང་། ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བ། འགན་འཁྲི་འཁུར་ཕོད་པར་ལྕག་སྐུལ་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་བྱས་ནས་བྱང་ཚད་མཐོ་བ་དང་། ཆེད་ལས་ཅན། ན་གཞོན་ཅན་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་བསྐྲུན།

ཆབ་སྲིད་བྱང་ཚད་ཀྱི་ཚད་གཞི་འབུར་དུ་ཐོན་པ་དང་། ལས་བྱེད་པའི་དཔུང་སྡེ་ལེགས་འདེམས་བྱེད་པ། རྒྱུན་ཆད་མེད་པར་ལས་བྱེད་པའི་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་ལ་དུས་བཀག་དབྱེ་ཞིབ་དང་བརྡར་ཤ་གཅོད་པའི་ལམ་ལུགས་བཟོ་བ། འགོ་ཁྲིད་ལས་བྱེད་པ་བཀོད་སྒྲིག་ལེགས་པོ་བཅས་བྱས་ཡོད། ད་ལོའི་ཚུན་ལ། རྫོང་དང་ཡུལ་ཚོའི་ལས་ཁུངས་ཀྱི་གཙོ་འགན་འཁུར་མཁན་ཉེར་བརྒྱད་ཀྱི་གོ་གནས་སྤར་བ་དང་ལེགས་སྒྲིག་བྱས། གཞུང་ཞབས་པ་དང་བདམས་གསེས་སྐོང་འཐེན་སློབ་མ་ཉེར་ལྔ་བསྡུས་པ་དང་། བདམས་གསེས་སྐོང་འཐེན་སློབ་མ་བཅུ་བདུན་གྱི་སློབ་བསྡུའི་འཆར་གཞིར་སྙན་སེང་ཞུས་ནས་གཞི་རིམ་གྱི་སྟོབས་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཡོད།

མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་མངོན་གསལ་ཡིན་པ་དང་། ལས་བྱེད་པས་དངོས་སྒྲུབ་འགན་འཁུར་བྱེད་རྒྱུར་སྐུལ་ལྕག་བཏང་། ཐོག་མཐའ་བར་གསུམ་དུ་དངོས་སྒྲུབ་ལ་བརྩི་མཐོང་དར་སྤེལ་དང་། གྲུབ་འབྲས་དངོས་ལ་མཐོང་ཆེན་བྱེད་པའི་མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་དང་། གཞི་རིམ་ལ་ཕྱོགས་པ། འཐབ་ཕྱོགས་དང་པོར་ཕྱོགས་པ་བཅས་ཀྱི་འདེམས་བསྐོའི་ཚད་གཞི་རྒྱུན་འཁྱོངས་བྱས་པ་རེད།  ད་ལོའི་ཚུན་ལ། འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་སོ་གསུམ་ལ་གནས་སྤར་ལེགས་སྒྲིག་བྱས་པ་དང་། གཞུང་ཞབས་པ528 ཀྱི་ཆ་འཕྲིན་མཛོད་བཙུགས་པར་མ་ཟད། སྟབས་བསྟུན་དོ་དམ་བྱས་ཏེ་ཕྱོགས་མང་པོ་དང་ཟུར་ཚད་མང་པོ་ནས་ལས་བྱེད་པ་སྔོན་ལ་ལེགས་འདེམས་དང་། བསྐོ་འཇོག་བཀོལ་སྤྱོད། རྒྱུན་ལྡན་གྱི་ལྟ་སྐུལ་བཅས་ལ་ཆ་འཕྲིན་གྱི་ཡོང་ཁུངས་གལ་ཆེན་མཁོ་འདོན་བྱས།

སློབ་གསོ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་།“རིགས་གཞུང་དང་། ལག་ལེན། དྲ་ཐོག་དང་དྲ་ཕྱི། སློབ་ཁང་དང་རོགས་ཁྲིད་བཅས་ཀྱི་དཔེ་དབྱིབས་ཁྱབ་སྤེལ་བྱས་ཏེ། སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་བྱ་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་བྱས། ད་ལོར་ཕུལ་བྱུང་ལས་བྱེད་པ་ང་ལྔ་བདམས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་རིམ་པའི་གསོ་སྦྱོང་ནང་ཞུགས་པ་དང་། རྫོང་ནང་ཁུལ་དུ་རང་སྒྲུབ་གསོ་སྦྱོང་ཐེངས་བརྒྱད་སྤེལ་ནས་ལས་བྱེད་པ་278ལ་གསོ་སྦྱོང་བྱས་པ་དང་། ཕུལ་བྱུང་ལས་བྱེད་པ་གསུམ་ཞིང་ཆེན་ཕྱིར་འགན་དཀྲིའི་སྦྱོང་བརྡར་དུ་མངགས་ནས་ཚན་ཁག་གི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་བཏང་།

ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་མཐོང་ཆེན་དང་རང་འགུལ་ངང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། གསར་དུ་བསྡུས་པའི་རྒྱུགས་སྤྲོད་བདམས་གསེས་སྐོང་འཐེན་སློབ་མའི་བཟའ་བཏུང་དང་སྡོད་ཁང་སོགས་དངོས་ཡོད་གནད་དོན་སྤྱི་འདོམས་ཐག་གཅོད་བྱས་ཏེ། སྡེ་བར་ལས་འགན་འཁུར་མཁན་བདམས་གསེས་སྐོང་འཐེན་སློབ་མ46ལ་ནད་གཞི་ཚབས་ཆེན་དང་མི་ལུས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་འགན་བཅོལ་ཉོས་ཡོད།《པད་མ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་བྱེད་ཐབས》དང《པད་མ་རྫོང་གི་ལས་བྱེད་པར་དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་པའི་ལམ་ལུགས》དང་《པད་མ་རྫོང་གི་ལས་བྱེད་ལས་བཟོའི་སྨན་བཅོས་དང་ལུས་གསོ་བྱེད་པའི་ལས་ཀའི་ཇུས་གཞི》བཟོ་བཅོས་བྱས་ནས་འཐུས་སྒོ་ཚང་བར་བྱས་ཡོད། །

ཡིག་སྒྱུར་བ།  འབྲུག་མོ།