ཟླ10པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་སྲིད་འཛིན་སློབ་གླིང་དང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི2024ལོའི་ཁུ་ནུ་འཆད་ཁྲིད་ཆེན་མོ་སྐབས་བརྒྱད་པ་དངོས་སུ་སྤེལ་བ་དང་། ཀྲུང་གོའི་བཟོ་ལས་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི། རྒྱལ་ཁབ་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞུང་མེང་གིས་ཁ་བྱང་ལ་ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དོན་སྙིང་དང་ལག་ལེན་བྱེད་ཐབས་ཞེས་པའི་ཐད་གཏོང་འཆད་ཁྲིད་བྱས།
ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་གྱི་བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངོས་གཞིའི་དཔལ་འབྱོར་བརྟན་བརླིང་འཁོར་རྒྱུག་ལ་འགན་སྲུང་བྱེད་པ་བཅས་ཀྱི་འདེགས་སྐྱོར་གཙོ་བོ་ཡིན་ལ། རྒྱལ་ཁབ་དཔལ་འབྱོར་བདེ་འཇགས་ཀྱི་གྲུབ་ཆ་གཙོ་བོའང་ཡིན། ཞུང་མེང་གིས་རྒྱལ་ཁབ་ཕྱི་ནང་གི་ཐོན་ལས་འཕེལ་རྒྱས་གནས་བབ་དང་། ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་གྱི་འཕེལ་རྒྱས་གནས་ཚུལ་ལ་དམིགས་ནས། ལག་ལེན་གྱི་དཔེ་གཞིར་ཟུང་འབྲེལ་བྱས་ཏེ། ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་མཉམ་འདྲེས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་དང་ལག་ལེན་བྱེད་ཐབས་སོགས་འགྲེལ་བཤད་གསལ་བོ་བྱས། འཆད་ཁྲིད་ཉན་པའི་ཏང་ཡོན་ལས་བྱེད་པས་གཅིག་གྱུར་གྱིས་བསྟན་དོན། འཆད་ཁྲིད་ཀྱིས་ཏང་དང་རྒྱལ་ཁབ་ཀྱིས་ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་གྱི་སྲ་གཤིས་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། མིག་སྔའི་རང་ཞིང་གི་ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་འཕེལ་རྒྱས་ཐད་ཀྱི་གནད་དོན་དང་ཉེན་ཁ་ཐག་གཅོད་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། ཚང་མས་བསྟན་དོན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གང་ལེགས་བྱེད་པ་དང་། ཁ་ཕྱོགས་གཏན་འཁེལ་བྱས་ནས་ཐབས་ལམ་གསལ་བོ་བྱེད་པ། སྔར་ལས་རང་རྟོགས་སྒོས་ས་ཁུལ་འཕེལ་རྒྱས་དང་ཁེ་ལས་འཕེལ་རྒྱས་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་བྱས་ཏེ། དུས་བསྟུན་འཕེལ་རྒྱས་དང་བབ་བསྟུན་མདུན་སྐྱོད་བྱེད་དགོས།
གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་སོ་སོ་དང་། ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་བཅས་ཀྱི་ལས་བྱེད་པ་སྟོང་གཅིག་དང་དྲུག་བརྒྱ་ཡིས་འཆད་ཁྲིད་ལ་ཉན།
ལྷ་མོ་འཚོས་བསྒྱུར།