ཉིན་འགའི་སྔོན་ལ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཞུགས་ཞབས་ཞུ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། རྨ་ལྷོ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི1415ལ་གསར་དུ་ལས་ཞུགས་ཀྱི་གོ་སྐབས་སྤྲད་དེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གྱི101.07%ཡོངས་འགྲུབ་བྱས་པ་དང་། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་པ་ཡོད་པའི་མི་ཁྲི་གཉིས་དང་བརྒྱ་ལས་ཞུགས་གཞན་སྒྱུར་བྱས་ཡོད་ལ། བསྡོམས་རྩིས་བྱས་ན། མི་སྟོང་དྲུག་དང་ གྱ་དགུ་ལ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པར་བརྟེན། ཁུལ་ཡོངས་ཀྱི་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།
ད་ལོ་ནས་བཟུང་། རྨ་ལྷོ་ཁུལ་གྱི་ལས་ཞུགས་ལས་དོན་གྱིས“མཚོ་སྔོན་གྱིeལས་ཞུགས”ལས་ཀའི་སྤུས་རྟགས་གཏོད་རྒྱུ་སྣེ་ཁྲིད་དུ་བཟུང་ནས། ཐབས་བརྒྱ་ཇུས་སྟོང་གིས་ཚོགས་སྤྱི་སྣ་ཚོགས་ཀྱི་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། གཞན་སྒྱུར་ལས་ཞུགས་ཐད་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་ལ། ཁུལ་ཡོངས་ཀྱི་ལས་ཀ་ཙག་ཙིག་གི་ཁྲོམ་ར་ཐོག་མ་དེ་དངོས་སུ་བསྐྲུན་པར་མ་ཟད། ཁུལ་རིམ་པའི་ངལ་ནུས་སྤུས་རྟགས3གཏན་འཁེལ་བྱས་པ་ལས་གཞན། འཛུགས་སྐྲུན་ལས་གཞི་དང་སྦྲེལ་མཐུད་བྱས་ཏེ་ལས་ཞུགས་བསྡུ་ལེན་བྱས། དེ་མིན་ད་དུང་ཁྱབ་ཁོངས་སོ་སོའི་མི་སྤྱོད་དགོས་མཁོ་གཅིག་སྡུད་བྱས་པ་དང་སྲིད་ཇུས་རང་བཞིན་གྱི་ལས་གནས་ཀྱི་མི་བསྡུའི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་པའི་དབང་གིས། ལས་ཞུགས་ཞབས་ཞུའི་བྱེད་སྒོ་རྩ་འཛུགས་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་གཞིར་བརྟེན་ནས་འཇོན་མི་གཞི་རིམ་དུ་བསྡུ་ལེན་བྱས། རྨ་ལྷོ་ཁུལ་གྱིས་ཕྱི་ཕྱོགས་སུ་ཕྱིར་གཏོང་བྱེད་པའི་ཐད་ནས་ཞིང་ཆེན་ཕྱི་ནང་གི་ས་ཁུལ་གྱི་ལས་གནས་འཚོལ་བསྡུ་དང་འོས་སྦྱོར་བྱེད་པ་དང་། རེབ་གོང་སྒྱུ་རྩལ་གྱི་རྩལ་ནུས་ལ་བརྟེན་ནས་ཕྱི་ཕྱོགས་སུ་ལས་ཞུགས་བྱེད་པར་སྐྱོད་པ། ལས་གནས་གཏན་འཁེལ་གྱི་གདན་ཞུ་རྩ་འཛུགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ལྡན་པའི་ངང་ནས་ལས་ཞུགས་གཞན་སྒྱུར་བྱས་ཡོད།
རྨ་ལྷོ་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཧྥུན་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། རྨ་ལྷོ་ཁུལ་གྱིས་ལས་ཞུགས་དམངས་ཕན་སྐོར་གྱི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བྱེད་ཐབས་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ནས། ལས་ཞུགས་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ངལ་རྩོལ་ནུས་པའི་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་རང་བཞིན་གྱི་ལས་གནས་བསྡུ་བའི་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ། ལས་ཞུགས་ལས་བཟོའི་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ། ངལ་རྩོལ་ནུས་ཤུགས་སྔར་ལས་གང་མང་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་རྒྱུར་རོགས་རམ་བྱེད་པ་བཅས་བྱ་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།