མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་བའི་གྲོས་ཚོགས་བསྡུས།
2024.11.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ11པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ད་ལྟའི་བར་རྒྱུན་འཛིན་བྱེད་པའི་སྲིད་ཇུས་དང་སྲོལ་རྒྱུན་ལེགས་པོ་ཞིག་ཡིན། དུས་ཡུན་རིང་པོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་དང་སྤྱི་ཚོགས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། དམག་དཔུང་དང་དམག་མིའི་ཁྱིམ་མིར་ཞབས་འདེགས་ཞུ་བར་དམིགས་ཏེ། དམག་སྲིད་གཅིག་གྱུར་དང་དམག་དམངས་མཐུན་སྒྲིལ་། དམག་བཀུར་ཁྱིམ་སྐྱོང་དང་ཁྱིམ་བཀུར་དམག་གཅེས་མཉམ་བསྐྲུན་བྱ་བའི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བཏང་ཞིང་། དམག་འབྲེལ་ཁེ་དབང་སྲུང་སྐྱོང་བྱ་བར་གྲུབ་འབྲས་གང་མང་བླངས་ནས་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམག་འབྲེལ་ཁེ་དབང་སྲུང་སྐྱོང་བྱ་བར་ངོས་འཛིན་གསལ་བོ་ཞིག་བྱེད་རྒྱུ་ནི་ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཡིན་ལ། དམག་དཔུང་གི་དམག་འཐབ་ནུས་པ་སྲ་བརྟན་དང་ཇེ་མཐོར་གཏོང་བའི་འགན་སྲུང་གལ་ཆེན་ཡིན་པར་མ་ཟད། དམག་དཔུང་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་དོན་དངོས་ཀྱི་བླང་བྱ་ཞིག་ཀྱང་ཡིན། འོས་འགན་འགན་འཁྲི་ཇེ་དམ་དུ་བཏང་སྟེ། དམག་གྲབས་དམག་རྒྱལ་དང་ཁེ་དབང་གལ་ཆེན། ཁྲིམས་སྐྱོང་དམག་སྒར་དམིགས་སུ་བཟུང་ནས། ཁྲིམས་སྐྱོང་དགོངས་པ་དང་ཁྲིམས་སྐྱོང་འདུ་ཤེས་མི་སེམས་སུ་འདྲེས་པར་བྱེད་པ་དང་། དམག་མིའི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བསམ་བློ་གསོ་སྐྱོང་བྱེད་དགོས། གསར་གཏོད་ཀྱི་འདུ་ཤེས་བརྟན་པོ་ཞིག་བཙུགས་ཏེ། སྔར་ལས་ལྷག་པར་མཐོང་རྒྱ་བསྐྱེད་པ་དང་བློ་ཁོག་ཡངས་པོར་ཕྱེ་བ། ཁྲིམས་བསྟུན་ཁེ་དབང་དང་ཆ་འཕྲིན་བཀོལ་སྤྱོད། མཉམ་སྒུལ་མཉམ་འདྲེས་ལ་དོ་སྣང་བྱེད་པ། བྱ་བའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་བཅོས་དང་གསར་གཏོད་བྱས་ནས།  དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཚམ་མཐུན་ཡིན་ཞིང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་དང་སྦྲེལ་མཐུད་ཐུབ་པའི་བྱ་བའི་རྣམ་པ་གསར་པ་ཞིག་མྱུར་དུ་གྲུབ་པར་བྱེད་དགོས། མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་སོ་སོས་མཚོ་སྔོན་ཞིང་ཆེན་གྱི་དུས་རབས་གསར་པར་རྒྱལ་སྲུང་ཁེ་ཕན་དང་དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་བའི་སྐོར་གྱི་ལག་བསྟར་བསམ་འཆར་གཞིར་བཟུང་སྟེ། ཚུལ་མཐུན་མཐུན་སྦྱོར་དང་མཉམ་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཤིང་། གནད་ཁེལ་ནུས་མཐོའི་ཁེ་དབང་དང་། ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་ལེགས་པོ། བྱེད་ཕྱོགས་སྔར་ལས་གཟབ་ནན་བཅས་ཀྱི་སྒོ་ནས། རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་དམག་འབྲེལ་ཁེ་དབང་བྱ་བའི་རྣམ་པ་གསར་པ་ཞིག་བཏོད་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་བྱ་བར་ཁག་ཐེག་བྱེད་ཆེད་བྱས་རྗེས་གསར་བ་སྔར་ལས་མང་བོ་འཇོག་དགོས།

རིག་འཛིན་སྒྲོལ་མས་བསྒྱུར།