མང་ཚོགས་ཚོགས་པ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་པདྨའི་ལག་ལེན།
2024.11.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 50

པདྨ་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་ཅིང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པས། མཚོ་སྔོན་ཞིང་ཆེན་གྱི“ཤར་ལྷོའི་སྒོ་ཆེན”ལྟ་བུ་ཡིན། “རབ་མཛེས་བོད་གྲོང”དུ་བསྔགས་པའི་གནས་འདི་རུ། པདྨ་རྫོང་གི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས“ཏང་འཛུགས་སྐྲུན་གྱིས་མང་ཚོགས་ཚོགས་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་པ་དང་། མང་ཚོགས་ཚོགས་པའི་འཛུགས་སྐྲུན་གྱིས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”ཡི་རྩ་དོན་ལ་བརྟེན་པ་དང་། ལྟེ་བའི་སྤྱི་ཡོངས་ལ་དམིགས་ཤིང་རང་འགུལ་གྱིས་ལས་དོན་ཁྲོད་འདྲེས་པར་བྱས་ཏེ། བཅོས་བསྒྱུར་གྱི་མཉམ་ཤུགས་གོང་བུར་བསྒྲིལ་བ་དང་བཅོས་བསྒྱུར་ལག་བསྟར་དོན་འཁྱོལ་ནན་འཛིན་བྱེད་པ། མཐུན་སྦྱོར་ཅན་གྱི་འཛུགས་སྐྲུན་སྔར་བས་ཇེ་དྲག་ཏུ་གཏོང་བ། “མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་གསོ་སྐྱོང་། མཉམ་དུ་དོ་དམ། མཉམ་དུ་སྤྱོད་པ། མཉམ་དུ་དམ་འཛིན། མཉམ་དུ་གསར་སྐྲུན”བཅས་ཀྱི་་ཆགས་སྟངས་སྔར་ལས་ལེགས་པར་བསྐྲུན་ནས། མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

པདྨ་རྫོང་གིས་རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཕན་ཚུན་གཅིག་ཏུ་སྦྲེལ་བ་དང་། རང་རང་གི་ཁྱད་ནུས་འདོན་སྤེལ་བྱས་ཏེ། མཉམ་སྐྲུན་མཉམ་སྤྱོད་མངོན་འགྱུར་བྱས་པ་དང་། ལས་བཟོ་པ་དང་མང་ཚོགས་ལ་ཞབས་ཞུ་བྱེད་པའི་ལེའུ་མཉམ་དུ་བྲིས་ཡོད།  

རྩ་འཛུགས་འཐུས་ཚང་བར་བསྐྲུན་ཏེ། མཉམ་སྐྲུན་མཉམ་སྤྱོད་ཀྱི་ཆགས་སྟངས་ཐོག་མར་གྲུབ་པ།

རྩ་འཛུགས་འཐུས་ཚང་བར་བསྐྲུན་པའི་བྱ་བའི་ཁྲོད། མང་ཚོགས་ཚོགས་པས་རྒྱ་གྲམ་དམར་པོ་ཚོགས་པ་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་མཉམ་འབྲེལ་ཚོགས་པ་སོགས་ཀྱི་མང་ཚོགས་ཚོགས་པའི་འགན་འཁུར་བློ་མཐུན་གཙོ་བོ་དང་མཐུན་སྦྱོར་སྒོས་མཐུན་སྦྱོར་ཅན་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། མཐུན་སྦྱོར་ལ་ཤུགས་སྣོན་དང་གྲོས་གཞི་འཐུས་ཚང་བར་བཟོས། པདྨ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྣེ་ཁྲིད་དེ། མཐུན་སྦྱོར་འབྲེལ་འདྲིས་དང་ཉིན་རྒྱུན་གྱི་བྱ་བར་སྐུལ་སྤེལ་བྱེད་པའི་འགན་ཁུར་བ་དང་། མང་ཚོགས་ཚོགས་པའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་དང་མང་ཚོགས་ཚོགས་པའི་འཆར་ཅན་ལམ་ལུགས། མང་ཚོགས་ཚོགས་པའི་གནས་སྦྲེལ་ཞབས་ཞུའི་ལམ་ལུགས། མང་ཚོགས་ཚོགས་པའི་ཞབས་ཞུ་ལྟེ་གནས(ས་ཚིགས)ཀྱི་བྱ་བའི་ལས་འགན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་བར་བཟོས། མང་ཚོགས་ཚོགས་པའི་བྱ་བའི་ཞབས་ཞུ་ས་ཚིགས10བཙུགས་ཏེ། འབྲེལ་འདྲིས་མཐུན་སྦྱོར་དང་མཉམ་གྲོས་ཞིབ་གཅོད། ལག་བསྟར་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་བའི་རྒྱུན་རྣམ་ཅན་གྱི་བྱ་བའི་ཆགས་སྟངས་གྲུབ་པར་བྱས།

གཡུལ་ས་མཉམ་སྤྱོད་བྱས་ཏེ། ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱུང་བ།

པདྨ་རྫོང་གིས་མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་གྱི“ལྟེ་གནས་དང་ས་ཚིགས། ཁྱིམ་ཚང་བཅས་”ལ་སྐུལ་སྤེལ་བྱེད་པའི་ཞབས་ཞུའི་རྣམ་པར་གཅིག་གྱུར་བཀོད་འདོམས་བྱས་ཏེ། རྫོང་རིམ་པའི་ལས་བཟོ་པའི་བྱ་འགུལ་ལྟེ་གནས་དང་གཞོན་ནུའི་གཞིས་ཁྱིམ། བུད་མེད་དང་བྱིས་པའི་གཞིས་ཁྱིམ་སོགས་དག་ཐེར་སྙོམས་སྒྲིག་བྱས་ཤིང་། ཁང་པ་གཅིག་སྤྱོད་སྒོ་དུ་མར་སྤྱོད་ཅིང་གཅིག་གྱུར་གྱིས“པདྨ་རྫོང་གི་མང་ཚོགས་ཚོགས་པའི་ཞབས་ཞུ་ལྟེ་གནས”ཀྱི་སྒོ་བྱང་བཀལ། བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་དུས་བཅད་ལྟར་མི་མངགས་ཏེ་ལས་ཞུགས་བྱས་ཤིང་། གཅིག་བསྡུས་སྒོས་རྒྱ་ཆེའི་མང་ཚོགས་ལ་སྲིད་ཇུས་འདྲི་རྩད་དང་སྲིད་ཇུས་དྲིལ་སྒྲོག རོགས་སྐྱོར་དང་ཁེ་དབང་སྲུང་སྐྱོབ་བཅས་ཀྱི་ཞབས་ཞུའི་བྱ་འགུལ་སྤེལ་ནས། བཀོལ་སྤྱོད་བྱེད་ཚད100%རུ་སླེབས་པས། མང་ཚོགས་ཚོགས་པའི་འབྲེལ་ཟམ་གྱི་བྱེད་ནུས་དང་སེམས་ཤུགས་གོང་བུར་བསྒྲིལ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱས།

ཐོན་ཁུངས་མཉམ་སྤྱོད་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་མཉམ་ལས་སྔར་བས་ཇེ་དམ་དུ་བཏང་།

ཆ་འཕྲིན་ཕན་ཚུན་མཁོ་སྤྲོད་བྱས་ཏེ་ལས་སྒོ་མཉམ་སྒྲུབ་མཉམ་སྐྲུན་བྱས། པདྨ་རྫོང་གིས་མང་ཚོགས་ཚོགས་པའི་སྒྲིག་སྲོལ་ལམ་ལུགས་ཁག་དང་ཡིག་ཚགས་རྒྱུ་ཆའི་ཆ་འཕྲིན་མཛོད་འཐུས་སྒོ་ཚང་བར་བསྐྲུན་པ་དང་། མང་ཚོགས་ཚོགས་པའི་གཞིས་ཁྱིམ་དང་དཔེ་ཤག གསོ་སྦྱོང་ཁང་སོགས་མཐུན་སྦྱོར་འཛུགས་སྒྲུབ་བྱས་ཏེ། ཁ་ཐོར་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང་། ཞབས་ཞུའི་གཡུལ་སའི་བྱེད་ནུས་རྒྱ་བསྐྱེད་ཀྱིས་མང་ཚོགས་ལ“ནང་དུ་འཛུལ་མ་ཐག”དང“ས་ཚིགས་གཅིག”གི་ཞབས་ཞུ་མངོན་འགྱུར་བྱས་པ་དང་། ཐོན་ཁུངས་གཅིག་བསྡུས་དང་བེད་སྤྱོད་གང་ལེགས་བྱས་ནས། ཞབས་ཞུ་སྔར་བས་ཚགས་དམ་ཞིང་ནུས་ཕྱོད་མཐོར་འདེགས་བཏང་སྟེ། མང་ཚོགས་ཚོགས་པའི་མཉམ་འདྲེས་བྱེད་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་།

བྱ་འགུལ་མཉམ་སྤེལ་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་རྒྱུན་ཆད་མེད་པར་མཐོར་འདེགས་བྱས།

མཐུན་སྦྱོར་ཅན་གྱི་མང་ཚོགས་ཚོགས་པ་བསྐྲུན་རྗེས། པདྨ་རྫོང་གིས་ཁེར་རྐྱང་གིས་འཐབ་འཛིང་བྱེད་པའི་རྣམ་པ་བསྒྱུར་བ་དང་། གཅིག་ཏུ་བསྒྲིལ་ཐུབ་པ་རྣམས་གཅིག་ཏུ་བསྒྲིལ་ཏེ། བྱ་འགུལ་མཉམ་སྤེལ་གྱི་ནང་རྐྱེན་གྲུབ་པར་བྱས། པདྨ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞིའམ་མཐུན་སྦྱོར་ཅན་ལས་དོན་པུའུ་ཡི་པུའུ་ཀྲང་དངོས་གྲུབ་སྒྲོལ་མ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་དང“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།“ལྔ་བཞི”གཞོན་ནུའི་དུས་ཆེན་སོགས་ཀྱི་བྱ་འགུལ་སྣ་ཚོགས་སུ། བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་རྣམས་དེའི་ཁྲོད་དུ་ཞུགས་ཏེ། བློ་སེམས་གཅིག་ལ་ཕྱོགས་ཤིང་རིག་པ་གཅིག་ལ་བསྡུས་ལ་ནུས་པ་གཅིག་ལ་འདོན་གྱིན་ཡོད་ལ། ཁ་ཐོར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྗེས། བྱ་འགུལ་གྱི་གཞི་རྒྱའང་ཆེར་བསྐྱེད་ཅིང་། ལས་བཟོ་པ་དང་མང་ཚོགས་ལ་སྔར་བས་ཕན་ཁེ་ལྡན་པ་དང་། གལ་ཆེ་བའི་དུས་ཆེན་གྱི་བྱ་འགུལ་དང་དྲིལ་སྒྲོག རོགས་སྐྱོར་སོགས་ཀྱི་བྱ་འགུལ་ཚང་མ་མཐུན་སྦྱོར་སྒོས་སྤེལ་ཆོག་པས། རྫོང་མང་ཚོགས་ཚོགས་པའི་བྱ་འགུལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དུ་གྱུར་བ་དང་། མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པའང་མཐོར་འདེགས་ཆེན་པོ་བྱུང་།

ཞབས་ཞུ་མཉམ་འདྲེས་བྱས་ཏེ། ལས་བཟོ་པའི་འཚོ་བའི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་།

རྒན་པར་གཅེས་སྐྱོང་བྱེད་པ་ནས་དཀའ་ངལ་ཅན་གྱི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ། དང་བླངས་ཞབས་ཞུ་ནས་ནུས་རྩལ་གསོ་སྦྱོང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཞབས་ཞུ་རིགས་སྣ་ཚང་མས་མང་ཚོགས་ཀྱི་དགོས་མཁོ་དང་གནད་འཁེལ་འབྲེལ་མཐུད་བྱས་ཤིང་། མང་ཚོགས་ལ་ཏན་ཏན་ཏིག་ཏིག་གི་ཐུགས་ཁུར་དང་རོགས་སྐྱོར་མྱོང་ཐུབ་པར་བྱས། མང་ཚོགས་ཚོགས་པས་ད་དུང་དང་བླངས་ཞབས་ཞུའི་ལས་གཞི་སྟེ“དགོས་མཁོའི་མཛོད”བཙུགས་པ་དང་། བློ་སེམས་ཞིབ་མོས་མང་ཚོགས་དང་ཉེ་བར་བཅར་བ་དང་འཚོ་བ་དང་ཉེ་བར་བཅར་བའི་དང་བླངས་ཞབས་ཞུའི་རྣམ་གྲངས་འཆར་འགོད་བྱས་ལ། དང་བླངས་ཞབས་ཞུའི་རུ་ཁག་རིགས12རྩ་འཛུགས་བྱས་ཏེ། “མང་ཚོགས་ཀྱིས་མངག་ཐོ་བཟོ་བ་དང་དང་བླངས་པས་མངག་ཐོ་དང་ལེན་བྱེད་པ། མང་ཚོགས་ཀྱིས་མངག་ཐོར་དཔྱད་འཇོག་བྱེད་པ”བཅས་ལག་ལེན་དུ་བསྟར་ནས། “བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོ་ཚོགས་པ། བཟོ་ཚོང་མཉམ་འབྲེལ་ཚོགས་པ། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས”སོགས་ཀྱི་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། དམངས་ལ་ཞབས་འདེགས་ཞུ་བའི་ཆེས་མཇུག་མཐའི་འགག་གནད་སྒྲོལ་དགོས།

འཇོན་མི་མཉམ་སྐྱོང་བྱས་ཏེ། མང་ཚོགས་ཚོགས་པའི་བྱ་བར་འཇོན་མིའི་འགན་སྲུང་འདོན་སྤྲོད་བྱས།

མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་གྱི་ལས་དོན་སྤེལ་བའི་ཚུན་ལ།  པདྨ་རྫོང་གིས་མང་ཚོགས་ཚོགས་པའི་ལས་བྱེད་པས་གཏམ་བཤད་པ་དང་། ཏང་ཙུའུ་ཧྲུའུ་ཅི་དང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་གི་སློབ་ཁྲིད་བྱེད་པའི་བྱ་འགུལ་སྤེལ་བ་དང་། “ནང་དུ་བསུ་བ་དང་ཕྱིར་སྐྱེལ་བ”ཡི་ཐབས་ལམ་བརྒྱུད་ནས། མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་བྱ་འགུལ་ཧུར་ཐག་གིས་སྤེལ་ལ། མང་ཚོགས་ཀྱི་བྱ་བའི་འཇོན་ནུས་ཇེ་དྲག་ཏུ་བཏང་ཞིང་། མང་ཚོགས་ཚོགས་པའི་ལས་སྒོ་བྱང་ཆུབ་ཅིང་ཁོང་དུ་ཆུད་པར་བྱས། “ཚང་མས་སློབ་སྦྱོང་ཆེན་པོ་དང་ལས་སྒོའི་འགྲན་སྡུར་ཆེན་མོ། བྱེད་ཕྱོགས་བཅོས་སྒྱུར་ཆེན་པོ་གཏོང་བ། ནུས་རྩལ་མཐོར་འདེགས་ཆེན་པོ་གཏོང་བ”སོགས་ཀྱི་ཆེད་དམིགས་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཚོགས་པའི་ལས་བྱེད་པའི་སྤྱོད་ཚུལ་དང་སློབ་སྦྱོང་། ལས་སྒོ། ནུས་པ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་ལྕག་བཏང་པ་དང་། ཤུགས་ཆེན་པོས་བྱང་ཚད་ལེགས་པོ་མཐོར་འདེགས་བཏང་ནས་སྤྱོད་ཚུལ་ལེགས་པ་དང་གཟབ་ནན། ཕན་ནུས་མཐོ་བའི་མང་ཚོགས་ཚོགས་པའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས། རྒྱུན་ཆད་མེད་པར་མང་ཚོགས་ཚོགས་པའི་ལས་བྱེད་པའི་དཔུང་སྡེའི་སྤྱིའི་བྱང་ཚད་མཐོར་འདེགས་བཏང་།

མང་ཚོགས་ཚོགས་པའི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཡིན། མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་ཏེ། གཞི་རིམ་གྱི་མང་ཚོགས་ཚོགས་པའི་སྟོབས་ཤུགས་ཆེར་རྒྱས་ཤིང་། གཡུལ་ས་ཇེ་མང་དུ་གྱུར་ལ། ཞབས་ཞུ་ཇེ་ལེགས་སུ་གྱུར་པ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གྱུར་པའི་སྟེང་། མང་ཚོགས་ཀྱིས་དོ་ཁུར་བྱེད་ཚད་ཀྱང་ཇེ་མཐོར་སོང་། གཞོན་ནུའི་སྟོབས་ཤུགས་ནས་བུད་མེད་ཀྱི་སྟོབས་ཤུགས་དང་། སླར་ཡང་ཁེ་ལས་ཀྱི་སྟོབས་ཤུགས་གང་ཅིའི་ཐད། དངོས་གྲུབ་སྒྲོལ་མས་བལྟས་ན། འགན་འཁྲི་ཕྲག་ཏུ་ཁུར་ཏེ། ཞིབ་ས་ནས་འཚོལ་སྙེག་བྱེད་ཅིང་། སེམས་དང་བརྩེ་བས་བསྒྲུབས་ན་ད་གཟོད་ཀུན་གྱི་ཡིད་ཆེས་འཐོབ་ཐུབ་ཅིང་། བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པ་རྩ་འཛུགས་བྱས་ན་ད་གཟོད་ལས་བཟོ་པ་དང་མང་ཚོགས་ཀྱི་གཉེན་ཉེ་ངོ་མ་རུ་འགྱུར་ཐུབ་སྙམ། །

འབྲུག་མོས་བསྒྱུར།