ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་ཆེད་དོན་འཆད་ཁྲིད་སྤེལ།
2024.11.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིབཀོད་སྒྲིག་ལྟར། ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྙན་རིས་ཚོགས་འདུའི་རྣམ་པའི་ཐོག་ནས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་མི་རིགས་ལས་བྱེད་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ལིའུ་པའོ་མེན་གདན་དྲངས་ནས། 《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་དགོས》ཞེས་པའི་ཆེད་དོན་འཆད་འཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་པ་དང་མི་རིགས་ཆོས་ལུགས་སྤྱི་ཚོགས་རྩ་འཛུགས་ཀྱི་ཁོངས་མི་སོགས་ཁྱོན་བསྡོམས་མི 1440 ལྷག་ཙམ་འཆད་ཁྲིད་ལ་ཞུགས་ཡོད་པ་རེད།

འཆད་ཁྲིད་ནང་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་པར་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པར་ངོས་འཛིན་ཡང་དག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་གཙོ་བོར་བྱེད་པའི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕྱོགས་གསུམ་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ཏེ། ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བར་ལག་ལེན་གྱི་གནད་དོན་རྒྱས་བཤད་བྱས། སྒྲོག་འགྲེལ་གྱི་ལྟ་བ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། བསམ་གཞིགས་གཟབ་ནན་ཡིན་ལ་གཏིང་ཟབ་པའི་སྒོ་ནས་རིགས་པའི་གཞུང་ལུགས་རྒྱས་བཤད་བྱས་ཡོད་ལ། ཁྱབ་རྒྱ་ཆེ་བའི་སྒོ་ནས་གྱོད་དཔེ་དབྱེ་ཞིབ་ཀྱང་བྱས་ཡོད་པས། ལག་ལེན་གྱི་ཕྱོགས་སུ་ཁ་གཏད་ཐབས་ཀྱི་ཐབས་ཇུས་ཀྱི་བསམ་གཞིགས་ཡོད་པ་རེད།

ཐེངས་འདིའི་སྒྲོག་འགྲེལ་ནི་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་ཤིག་ཡིན་པ་དང་། སྒྲོག་འགྲེལ་གྱི་ཁྱབ་རྒྱ་ཆེ་ལ། ཕན་འབྲས་མངོན་གསལ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། སྒྲོག་འགྲེལ་ལ་ཉན་ རྗེས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་སྔར་བས་གཏིང་ཟབ་ལོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བར་ཁ་ཕྱོགས་གསལ་བོ་ཡོད་པ་རེད། རྗེས་ཕྱོགས་འགན་འཁྲི་གཙོ་བོ་དང་བྱ་བ་གཙོ་བོར་དམ་པོར་དམིགས་ནས། རང་འགུལ་གྱིས་བསམ་གཞིགས་དང་ཇུས་འགོད་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་གི་འབྲས་བུ་དེ་ནང་སེམས་དང་ཕྱིའི་བྱ་སྤྱོད་སྟེང་མངོན་པར་བྱས་ནས། “མཉམ་འཛིན་བཞི” དང་།“ངོས་འཛིན་ལྔ” ཇེ་དྲག་ཏུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་མཐོར་འདེགས་གཏོང་བར་ཞབས་འདེགས་ཞུས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་ཆེན་གསར་འཛུགས་བྱེད་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 

འབྲུག་མོས་བསྒྱུར།