ཟླ11པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་བྱས་པའི་ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གསབ་སྦྱོང་འཛིན་གྲྭ་སྐབས་བདུན་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་ཚོགས་འགོ་བརྩམས།
ཐེངས་འདིའི་གསབ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན30ཡིན་ཞིང་། ཕུལ་བྱུང་ན་གཞོན་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ལྡན་པའི་ཐིན་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ28ཀྱིས་གསོ་སྦྱོང་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱད་དེ། འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱས། གསོ་སྦྱོང་ལས་སློབ་ཁྲིད་བྱེད་སྟངས་དང་། གྱོད་དཔེ་སློབ་ཁྲིད། བརྙན་ལམ་སློབ་ཁྲིད། ཡུལ་དངོས་སློབ་ཁྲིད། ཚན་ཆུང་ཁག་བགོས་གྲོས་བསྡུར་སོགས་སློབ་ཁྲིད་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་སྒོས་སྤྱད་དེ། སློབ་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་གཞུང་སློབ་ཁྲིད་དང་། ལག་ལེན་གསལ་འགྲེལ། ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱ་རྒྱུ་རེད། གསབ་སྦྱོང་དུས་སྐབས་སུ། སློབ་མ་ཚོ་ད་དུང་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་བསྐྱོད་དེ། ཟུར་ཁྲིད་དང་གྲོས་བསྡུར། བསམ་བློ་བརྗེ་རེས་བཅས་བྱས་ཏེ། སློབ་ཁྲིད་དང་སློབ་སྦྱོང་བཟང་བོ་བྱས་པ་བརྒྱུད། སློབ་མ་ཚོར་སློབ་ནས་གོ་རྟོགས་བྱུང་པ་དང་། སྦྱངས་ནས་འབྲས་བུ་ཐོན་པར་བྱ་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།