ན་གཞོན་གཞུང་ལུགས་སྒྲོག་འགྲེལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2024.11.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 37

ཟླ11པའི་ཚེས11ནས་ཚེས15ཉིན་བར།    ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པས་ན་གཞོན་གཞུང་ལུགས་སྒྲོག་འགྲེལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།    སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་བདམས་ཐོན་པ35དང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཁག་ཅིག་གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།    ཞི་ཅིན་ཕིང་གི་རིག་གནས་དགོངས་པ།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། “རིག་གནས་ལྔ”སྐྱེད་སྲིང་དང་དར་སྤེལ་གཏོང་བ།    དུས་རབས་གསར་པའི་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྟངས་དང་སྒྱུ་རྩལ་སོགས་ཀྱི་ནང་དོན་ལ་དམིགས་ནས། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གྲགས་ཅན་དང་དགེ་རྒན་ཆེན་མོ་གདན་དྲངས་ཏེ་སློབ་ཁྲིད་བྱས།

ཉིན་ལྔའི་རིང་གསོ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚོས་གཞུང་ལུགས་སྒྲོག་འགྲེལ་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱུང་ཡོད།  ཚང་མས་ཐེངས་འདིའི་གསོ་སྦྱོང་འགོ་རྩོམ་སར་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་རྒྱུན་ཆད་མེད་པར་སློབ་སྦྱོང་དང་སྒྲོག་འགྲེལ་ནུས་པ་ཆེ་རུ་བཏང་ནས། སྔར་ལས་སྤྲོ་སེམས་ལྡན་པ་དང་གཞུང་ལུགས་ཀྱི་རྨང་གཞི་བརྟན་པ། སྟབས་བསྟུན་གྱི་སྒྲོག་འགྲེལ་བྱེད་སྟངས་བཅས་ཀྱི་ཐོག་ནས། གཞོན་ནུས་ཏང་གི་གསུང་སྐད་བརྒྱུད་བསྒྲགས་བྱེད་པ་དང་། གཞུང་ལུགས་སྒྲོག་འགྲེལ་དང་ལང་ཚོ་མཉམ་བསྲེས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཟེར།

ཤ་བོ་རིན་མཚོས་བསྒྱུར།