སྐོར་ཁག་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིས་བརྗོད་དོན་སློབ་སྦྱོང་དང་བགྲོ་གླེང་བྱ་འགུལ་སྤེལ།
2024.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

སྐོར་ཁག་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་སློབ་སྦྱོང་བགྲོ་གླེང་དང་ལྟ་སྦྱོང་ལྟ་ཞིབ་བྱ་འགུལ་ཟླ11པའི་ཚེས21ཉིན་ནས་ཚེས22ཉིན་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་དུ་སྤེལ།

བྱ་འགུལ་སྐབས་སུ། ཀྲུང་དབྱང་ལས་ཁུངས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་ནས་ཡོང་བའི་ལས་བྱེད་འཇོན་མི་བརྒྱ་ལྷག་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་དང་གཅན་ཚ་རྫོང་བདེ་སྐྱིད་སྡེ་བ། ཁམས་ར་གྲོང་རྡལ་བཅས་ལ་སོང་ནས། ཡུལ་དངོས་ནས་གྲོང་གསེབ་དར་སྤེལ་ལས་གཞི་དང་ཕག་གསོ་ར་བའི་ཐོན་ལས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ལ་ལྟ་སྦྱོང་ལྟ་ཞིབ་བྱས་པ་དང་། དེ་དང་མཉམ་དུ་ཀྲུང་དབྱང་ལས་ཁུངས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་བརྗོད་དོན་དཔེ་ཀློག་འཛིན་གྲྭ་བསྡུས་པ་མ་ཟད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྣེ་ཁྲིད་རུ་ཁག་དང་ཞིང་ཆེན་ཐད་གཏོགས་དོ་དམ་ཚན་ཆུང་གི་ཚན་གཙོའི་མཉམ་འབྲེལ་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ནས། དུས་རིམ་རྗེས་མའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས།

ཐེངས་འདིའི་སློབ་སྦྱོང་བགྲོ་གླེང་བྱ་འགུལ་ནི་ད་ལོའི་ལོ་འགོར་བཀོད་སྒྲིག་བྱས་པའི་སྐོར་ཁག་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་ཁྲོད་སྤེལ་བའི་ཆེས་བཟང་བའི་འཕེལ་རྒྱས་དུས་སྐབས་སུ་ཆེས་ཆེ་བའི་སྟོབས་ཤུགས་འབུལ་བའི་བརྗོད་དོན་སློབ་སྦྱོང་དང་བགྲོ་གླེང་བྱ་འགུལ་ལ་ཡང་བསྐྱར་སློབ་སྦྱོང་དང་ཡང་བསྐྱར་སྲ་བརྟན། ཡང་བསྐྱར་སྐུལ་སློང་བྱེད་པ་དེ་ཡིན། བགྲོ་གླེང་སྐབས་སུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རུ་ཁག་སོ་སོ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཡོངས་ཀྱིས་མཚོ་སྔོན་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད་པ་དང་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཅི་ཞིག་མཁོ་ཆེ་བ། རྒྱབ་ཕྱོགས་རོགས་སྐྱོར་གྱིས་ཅི་ཞིག་འདོན་སྤྲོད་བྱེད་ཐུབ་པ་སོགས་ལ་དམིགས་པ་དང་། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ངོས་ཟིན་དང་མྱོར་ཚོར། བསམ་ཕྱོགས་གླེང་བ་མ་ཟད། མཐའ་གཅིག་ཏུ། བརྟག་བཤེར་ཞིབ་འཇུག་དང་ཁྱིམ་དུ་འཚམས་འདྲི་བྱེད་པར་བསྐྱོད་པ། རྒྱབ་ཕྱོགས་དང་སྦྲེལ་མཐུད་བྱེད་པ་སོགས་ཀྱི་བྱ་བ་སྔར་ལས་དམ་འཛིན་བྱེད་པ། གཅིག་ཅན་བརྒྱད་ཀྱི་བརྗོད་དོན་སློབ་སྦྱོང་དང་བགྲོ་གླེང་བྱ་འགུལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞིའི་འཆར་འགོད་གཏན་འབེབས་ནན་མོ་བྱེད་པ། ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱ་བར་རྒྱུན་མཐུད་ངང་ཤུགས་སྣོན་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིས་འབྲེལ་ཡོད་རོགས་མངག་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སྐོར་ཁག་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་གདམ་མངགས་ཀྱི་དགོས་མཁོར་རྟོག་ཞིབ་བྱེད་པའི་བྱ་བ་ནན་ཏན་སྒོས་སྤེལ་བ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་བློ་སེམས་རྩེ་གཅིག་གིས་རོགས་སྐྱོར་བྱ་བའི་ལག་ལེན་ཁྲོད་ཞུགས་སུ་འཇུག་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོན་ཁུངས་སྣ་ཚོགས་ཞིང་ཆེན་ཏང་ཨུ་དང་ཞིང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཐད་ཕྱོགས་པར་སྣེ་ཁྲིད་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།