ཟླ11པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཡན་ལག་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་པའི་མཉམ་འབྲེལ་རྐྱེན་སྲོལ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ལམ་གཅིག་ཕྱོགས་མང་གི་མཉམ་འབྲེལ་ལས་རེས་བྱ་བར་ཤུགས་སྣོན་ཆེད། རང་ཞིང་གི་སྡེ་ཁག་མང་པོས་དགུན་དུས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་བདེ་འཇགས་བཀག་སྡོམ་ལ་ཤུགས་བསྣན།
མཚོ་སྔོན་གྱི་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གིས་ལས་རེས་རུ་ཁག་བཀོད་སྒྲིག་བྱས་ནས་མངའ་ཁུལ་ལྟར་བགོ་དབྱེ་བྱས་པ་དང་། མངའ་ཁུལ་གྱི་མྱུར་བགྲོད་འཁོར་རྒྱུག་དང་བདག་སྐྱོང་ཀུང་ཟི། འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་ཁྲིམས་འཛིན་སོགས་ཀྱི་སྡེ་ཁག་དང་མཉམ་དུ་མྱུར་བགྲོད་གཞུང་ལམ་གྱི་ལམ་གཅིག་ཕྱོགས་མང་གི་མཉམ་འབྲེལ་ལས་རེས་གྲོས་ཚོགས་བསྡུས་ཏེ། དགུན་དུས་ཀྱི་མཉམ་ལས་མཉམ་འབྲེལ་བྱ་བར་ཤུགས་སྣོན་པའི་ཐད་ནས་བརྗེ་རེས་ཟབ་མོ་བྱས།
སྡེ་ཁག་སོ་སོས་ལམ་གཅིག་ཕྱོགས་མང་གི་མཉམ་འབྲེལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དགུན་དུས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་བདེ་འཇགས་བཀག་སྡོམ་ནུས་པར་ཤུགས་སྣོན་པ། ལམ་གཅིག་ཕྱོགས་མང་གི་འབྲེལ་འདྲིས་མ་ལག་བཀོལ་སྤྱོད་བཟང་བོ་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་དང་དགེ་མཚན་འདོན་སྤེལ་བྱས་ནས། མངའ་ཁུལ་གྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། རང་སོ་སོའི་འགན་འཁྲི་ཕྲག་ཏུ་ལེན་པ། དུས་ཐོག་མཉམ་འབྲེལ་ལ་སྐུལ་འདེད་བཏང་སྟེ། གནམ་གཤིས་ངན་པར་ཐུག་སྐབས་མཉམ་དུ་ཤུགས་འདོན་པ་དང་ཕྱོགས་སོ་སོ་ནས་འབད་འཐབ་བྱེད་དགོས། ཉིན་རྒྱུན་གྱི་བདེ་འཇགས་ཉེན་ཁར་མཉམ་འབྲེལ་སྒོས་གྲལ་བཤེར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། བདེ་འཇགས་ཉེན་ཁ་ཡོད་ས་གཅིག་ཀྱང་མི་ལུས་པར་བྱས་ནས། བགྲོད་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།