ཟླ11པའི་ཚེས20ཉིན། གསར་འགོད་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ལོ་གཉིས་རིང་གི་སྐུལ་འདེད་དང་སྲ་བརྟན་དུ་བཏང་བ་བརྒྱུད་དེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཏང་ཨུའི་ཧྲུའུ་ཅིས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་ཁུར་བའི་བསྡུར་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་འགན་འཁྲི་དང་པོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པར་གྲུབ་འབྲས་ཐོབ། གྲུབ་འབྲས་དེས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུས་ལས་ཁུངས་ཀྱི་ཏང་འཛུགས་ལ་ཧ་ཅང་མཐོང་ཆེན་བྱས་ནས། ཏང་ཙུའུ་ཧྲུའུ་ཅི་དང་ཏང་ཨུའི་ཧྲུའུ་ཅིས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་འགན་གཅིག་ལྕོགས་སུ་ཁུར་རྒྱུ་དེ་ཏང་འཛུགས་དཔྱད་ཞིབ་ཁྲོད་བཞག་པ་དང་། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་འགན་འཁྲིའི་གསལ་ཁྲ་ཕྱིར་བཏོན་ནས། འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བ་དང་། འགན་འཁྲིའི་གསལ་ཁྲ་དང་མཉམ་འབྲེལ་རྐྱེན་སྲོལ་མང་པོ་གཏན་འབེབས་བྱས་ལ། འཐུས་སྒོ་ཚང་བའི་འགན་འཁྲི་དྲ་རྒྱ་བཙུགས་ཏེ། ཏང་འཛུགས་བྱ་བ་དེ་དམ་འཛིན་བྱེད་དུ་འཇུག་པ་ནས་རང་འགུལ་གྱིས་དམ་འཛིན་བྱེད་པར་བསྒྱུར།
ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅི་དམ་འཛིན་བྱེད་པར་གཙིགས་འཛིན་བྱས་ལ། འགུལ་སྐྱོད་ཇུས་གཞི་གཏན་འབེབས་བྱས་པ་དང་། ལས་འགན་གྱི་དམིགས་ཚད་གཏན་ཁེལ་བྱས་ཤིང་། ཏང་འཛུགས་གྲལ་བཤེར་དང་ཡུལ་དངོས་ལྟ་སྐུལ། ཁ་པར་གྱི་ལམ་ནས་ལྟ་སྐུལ་བྱེད་པ། གསལ་འདེབས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་ཙུའུ་ཧྲུའུ་ཅི་དང་ཏང་ཨུའི་ཧྲུའུ་ཅིས་སྐབས་བརྗེ་འདེམ་བསྐོ་སོགས་ཀྱི་གནད་འགག་དུས་སྐབས་སུ་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བར་ཁག་ཐེག་བྱས།
ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུས་འབད་འཐབ་ལྷོད་མེད་བྱས་པ་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་དམ་དུ་དམིགས་ནས། མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་བསམ་མདུན་སྐྱོད་བྱས་ནས། ལས་ཁུངས་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་འགུལ་སྐྱོད་སྤེལ། ཧྲུའུ་ཅིའི་གྲོས་སྡུར་ཆེད་དོན་གྲོས་ཚོགས་བསྡུ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རང་འགུལ་གྱིས་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ནས། ཏང་འཛུགས་ཀྱི་དཀའ་གནད་ཐག་བཅད། ཕྱོགས་སོ་སོས་མཉམ་དུ་ཏང་འཛུགས་དམ་འཛིན་བྱས་པ་དང་། བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བྱེད་པ་དང་ཏང་ཙུའུ་དང་ཏང་ཨུས་གཙོ་འགན་ཁུར་བ། ལས་ཁུངས་ཀྱི་ཏང་ཨུ་དང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྐུལ་འདེད་གཏོང་བ། ཏང་ཀྲི་པུའུ་ཡིས་ལག་བསྟར་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱས་ནས། ལས་ཁུངས་ཀྱི་གཞི་རིམ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་བྱ་བའི་སྙན་ཞུ་དང་དཔྱད་ཞིབ་ཕྱོགས་ཡོངས་སུ་ཁེབས་པར་བྱས་པ་དང་། ཏང་འཛུགས་དང་ལས་སྒོ་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།
ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཏང་ཨུའི་ཧྲུའུ་ཅིས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་ཁུར་བའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པར་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་བར་མ་ཟད། ཆབ་སྲིད་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། ད་དུང་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་དམ་འཛིན་བྱེད་པའི་ངར་སེམས་དང་རང་འགུལ་རང་བཞིན་ཆེར་བསྐྱེད་ལ། ལས་ཁུངས་ཀྱི་ཏང་འཛུགས་འཐབ་ཕྱོགས་ཀྱིས་ལས་བྱེད་པ་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ་ལག་བསྟར་བྱེད་པའི་ལག་ལེན་མཚོན་པར་བྱས་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། དཔུང་སྡེ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པའི་སྟེང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།
རིན་ཆེན་མཚོས་བསྒྱུར།