ཟླ11པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་རིག་དངོས་ཁྲོད་ཀྱི་མཚོ་སྔོན་ཞེས་པའི་སློབ་སྦྱོང་བྱ་འགུལ་མཚོ་སྔོན་ཞིང་ཆེན་རྟེན་མཛོད་གླིང་དུ་སྤེལ་འགོ་བརྩམས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཉེར་བརྒྱད་ཀྱི་བུད་མེད་ལས་བྱེད་པ་བརྒྱ་ཙམ་མཉམ་དུ་འཛོམས་ནས། ལོ་རྒྱུས་ཕྱིར་དྲན་བྱས་པ་དང་མ་འོངས་བར་རྒྱང་ལྟ་བྱས་ལ། རིག་དངོས་ཁྲོད་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞི་འཛུགས་པའི་ལོ་རྒྱུས་ཀྱི་རྩ་ལ་འགྲེལ་ཀློག་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས།
བྱ་འགུལ་ཁྲོད། བུད་མེད་ལས་བྱེད་པ་བརྒྱ་ཙམ་ཚན་ཆུང་མང་པོར་བགོས་ནས། ཞིང་ཆེན་རྟེན་མཛོད་གླིང་གི་འགྲེམ་སྟོན་ཚོམས་ཆེན་ནང་དུ་མི་རིགས་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ཀྱི་རྟགས་ཐེམ་བཀོད་པའི་རིག་དངོས་འཚོལ་ཞིབ་བྱས་པར་མ་ཟད་རྒྱུས་ལོན་བྱས། དེའི་རྗེས་སུ། ཚན་ཆུང་སོ་སོའི་འཐུས་ཚབ་པ་དག་གིས་རིག་དངོས་ཀྱི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་དང་། མཚོ་སྔོན་གྱི་མི་རིགས་སོ་སོས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་འགྲེམ་སྟོན་བྱས།
མཚོ་སྔོན་ཞིང་ཆེན་རྟེན་མཛོད་གླིང་གི་ཆེད་མཁས་པས་ཆེད་དོན་འཆད་ཁྲིད་རིག་དངོས་ཁྲོད་ཀྱི་མཚོ་སྔོན་དེ་མི་རིགས་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་ཞེས་པ་སྤེལ་ནས། ཕུན་སུམ་ཚོགས་པའི་ཆེད་ལས་ཤེས་བྱ་དང་ལག་ལེན་ཉམས་མྱོང་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་རྟེན་མཛོད་གླིང་གི་གསོག་དངོས་ངོ་སྤྲོད་དང་ལོ་རྒྱུས་སྟེང་གི་མཚོ་སྔོན། མཚོ་སྔོན་གྱི་རིག་དངོས་ཁྲོད་ཀྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་སོགས་ཕྱོགས་ནས་ངོ་སྤྲོད་གསལ་བོ་བྱས་ཏེ། ཟབ་ཞུགས་མི་སྣས་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོ་སྔོན་གྱི་ལོ་རྒྱུས་ཀྱི་གོ་དོན་ཟབ་མོར་རྒྱུས་ལོན་གསལ་བོ་བྱེད་དུ་བཅུག
ཞིང་ཆེན་ཐད་གཏོགས་ལས་ཁུངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱེད་པའི་བྱ་བའི་དྲ་རིས་དང་པོ་ཡིན་པའི་ཆ་ནས། ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་བུད་མེད་ལས་བྱེད་པ་དག་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞི་འཛུགས་པའི་ལག་ལེན་མཁན་དུ་འགྱུར་བར་བྱེད་པ་དང་། ཉེ་འགྲམ་གྱི་གྲོགས་པོ་དང་ཁྱིམ་མི་ཁྲིད་དེ་ཐལ་རྡུལ་གྱིས་མནན་པའི་ལོ་རྒྱུས་ལ་རྒྱུས་ལོན་བྱས་ནས། མི་སྔར་ལས་མང་པོས་རིག་དངོས་ཁྲོད་ནས་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། སྔར་ལས་མཛེས་སྡུག་ལྡན་པ་དང་སྔར་ལས་མཐུན་སྒྲིལ་ལྡན་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞི་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཐད་བུད་མེད་ཀྱི་སྟོབས་ཤུགས་འབུལ་རྒྱུའི་འབོད་སྐུལ་བཏང་།
ཞིང་ཆེན་ཐད་གཏོགས་ལས་ཁུངས་བུད་མེད་བྱ་བའི་ཨུ་ཡོན་ལྷན་ཁང་གི་མི་རིགས་ཀྱི་དྲན་ཤེས་དང་མཛངས་མའི་རྒྱུན་འཛིན་ཞེས་པའི་མཚོ་སྔོན་མི་རིགས་རིག་གནས་སློབ་སྦྱོང་དང་མྱོང་ཚོར་བྱ་འགུལ་དེ་རིག་དངོས་ཁྲོད་ཀྱི་མཚོ་སྔོན་དང་གཟུགས་འདས་རིག་གནས་ཁྲོད་ཀྱི་མཚོ་སྔོན། རོལ་དབྱངས་ཁྲོད་ཀྱི་མཚོ་སྔོན་བཅས་ཁག་གསུམ་དུ་དབྱེ་ཡོད་པ་དང་། གཟུགས་འདས་རིག་གནས་ཁྲོད་ཀྱི་མཚོ་སྔོན་དང་རོལ་དབྱངས་ཁྲོད་ཀྱི་མཚོ་སྔོན་སོགས་བྱ་འགུལ་ཡང་འཕྲོ་རིམ་འཕྲོར་སྤེལ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།