མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཏང་འཛུགས་སྐྲུན་གྱིས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་དང་མང་ཚོགས་ཞུགས་ཚད་ཆེ་རུ་བཏང་སྟེ། ཉེ་བའི་ལོ་ཤས་རིང་སྡེ་སྲོལ་དམངས་ཆིངས་བཟོ་བཅོས་ལས་དོན་སྤེལ་བ་ཁྱོན་ཡོངས་ལ་ཁྱབ་པ་དང་། སྡེ་སྲོལ་དམངས་ཆིངས99སྔ་རྗེས་སུ་བཟོ་བཅོས་དང་འཐུས་ཚང་དུ་བཏང་བར་མ་ཟད། ལག་བསྟར་ཞིབ་སྲོལ་ཆ་ཚང་བཟོས་པ་དང་། སྡེ་སྲོལ་དམངས་ཆིངས་ཀྱི་དཔྱད་བསྡུར་བྱེད་སྟངས་འཐུས་ཚང་དུ་བཏང་བས། སྡེ་སྲོལ་དམངས་ཆིངས་དེ་དོན་དངོས་དང་སྔར་ལས་ཉེ་བཅར་དང་དོ་དམ་ལ་སྔར་ལས་ཕན་པ། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་བཅས་བྱུང་ཡོད།
གུང་ཧོ་རྫོང་གིས་སྡེ་སྲོལ་དམངས་ཆིངས་གཏན་འབེབས་བྱེད་རྒྱུ་དེ་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་། དམངས་དོན་གྲོས་བསྡུར། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱུན་ལྡན་གྱི་ལས་དོན་མང་ཚོགས་ཀྱིས་དོ་དམ་བྱེད་པ་དང་དོན་དག་ཆེ་ཆུང་མང་ཚོགས་ཀྱིས་གཏན་འཁེལ་བྱེད་པ་མངོན་འགྱུར་བྱས། གྲོང་གསེབ་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་སྟེ། ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་བཅོས་སྐྱོང་། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་ཕན་པའི་འགག་རྩའི་ནང་དོན་ལ་དམ་པོར་དམིགས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་གྲོང་གསེབ་ཀྱི་སྤྱི་ཚོགས་ལས་དོན་དང་སྤྱི་ཚོགས་འབྲེལ་བའི“སྟོང་ཆ” ལེགས་པར་བསྐངས། དེ་དང་ཆབས་ཅིག་ལམ་ལུགས་ཀྱི་ཐད་ནས་སྡེ་སྲོལ་དམངས་ཆིངས་ཀྱི་བཀོལ་སྤྱོད་རང་བཞིན་དང་ལག་བསྟར་ནུས་པ་ཆེ་རུ་བཏང་སྟེ། སྒྲིག་འགལ་བྱ་སྤྱོད་ཐེར་འདོན་བྱས་རྗེས་སྔར་བཞིན་ཚོད་འཛིན་དང་བཅོས་སྒྲིག་མི་བྱེད་པ་ལ། བྱེད་ཐབས་སྤྱད་དེ་སྒྲིག་ཁྲིམས་སྲུང་མཁན་ལ་ཕན་ཁེ་ཐོབ་པ་དང་སྒྲིག་ཁྲིམས་ལས་འགལ་མཁན་རྨོངས་གཉིད་ལས་སད་ཐུབ་པར་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།