མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཡིད་རྟོན་མནའ་འབྲེལ་བཙུགས་ནས་རྨ་ཆུའི་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།    
2024.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ11པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱིས་ཟི་ལིང་ནས་མཚོ་ཤར་གྲོང་ཁྱེར་ཁྱུ་ཚོགས་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་སྦྲེལ་མཐུད་དམ་ཟབ་བྱས་ཏེ། ཡིད་རྟོན་སྦྲེལ་ཐག་ཏུ་བྱས་ནས་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དགུ་དང་མཉམ་འབྲེལ་ལ་ཤུགས་བསྣན་ནས། ཧུར་ཐག་གིས“རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དགུ”དང་།    “རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དགུ”“ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས”བཅས་ཀྱི་ཡིད་རྟོན་མ་ལག་གི་མནའ་འབྲེལ་བསྐྲུན་ནས།     “ཆ་འཕྲིན་མཉམ་སྤྱོད་དང་།    ལྟ་སྐུལ་དོ་དམ་མཉམ་སྤྱོད།    རྣམ་པ་ཁས་ལེན།    ཟོང་རྟགས་མཉམ་སྐྲུན”སོགས་ཀྱི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བླངས་ཡོད།

ལན་ཀྲོའུ་དང་ཟི་ལིང་ས་ཆ་གཉིས་རྒྱལ་ཁབ་ཀྱི《ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཕེལ་རྒྱས་འཆར་འགོད》དོན་འཁྱོལ་བྱེད་པའི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས། “ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས”གསར་གཏོད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཕར་སྣེ་གལ་ཆེན་ཞིག་རེད།   ད་ལོའི་ཟླ4པའི་ཚེས15ཉིན། ལན་ཀྲོའུ་གྲོང་ཁྱེར་གྱི་བརྗེ་རེས་རྟོག་ཞིབ་ཚོགས་པས་ཟི་ལིང་གྲོང་ཁྱེར་དུ“ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས”ཀྱི་ཡིད་རྟོན་མཉམ་སྐྲུན་རྟོག་ཞིབ་བརྗེ་རེས་བྱས་པར་མ་ཟད།    ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་།    ཡིད་རྟོན་སྙན་ཞུ་ཕན་ཚུན་ཁས་ལེན།    ཡིད་རྟོན་ཁུལ་བརྒལ་ཉམས་གསོ།    ཁ་དོན་ཚིག་ལ་མི་གནས་པར་མཉམ་དུ་ཆད་པ་གཅོད་པ།    “ཡིད་རྟོན་མཉམ་བསྲེས”ཀྱི་སྣང་ཚུལ་བཀོལ་སྤྱོད་སོགས་ཁྱབ་ཁོངས་ཐད་བསམ་འཆར་གཅིག་མཐུན་བྱུང་།   ཚོགས་འདུ་གྲོལ་རྗེས་གྲོང་ཁྱེར་གཉིས་ཀྱིས་ཁ་དོན་ཚིག་གནས་ལ་སྐུལ་ལྕག་དང་།    ཁུལ་བརྒལ་ཉམས་གསོ།    དོགས་གཞིར་གཞོགས་འདེགས་ཞིབ་བཤེར།    མཐུན་སྦྱོར་དོ་དམ་སོགས་ཀྱི་ཞིབ་ཕྲའི་བྱ་བར་དམིགས་ནས་གྲོས་མཐུན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་ནན་མོ་བྱས་ཏེ། 《ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱིས་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་སྤུས་ཚད་མཐོན་པོའི་སྒོས་ཁྲལ་དོན་སྡེ་ཁག་གི་ས་ཁོངས་ལས་བརྒལ་བའི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན》བཀོད་ནས། ཁྲལ་འཇལ་ཡིད་རྟོན་གྱི་གདེང་འཇོག་འབྲས་བུ་སླར་གསོ་ཐད“ཐེངས་གཅིག་གོང་ཞུ་བྱས་ཚེ་ས་གནས་གཉིས་ཀྱིས་མཉམ་དུ་སྒྲུབ་རྒྱུ”མངོན་འགྱུར་བྱུང་ཡོད་ལ།     Aརིམ་པའི་ཁྲལ་འཇལ་མཁན་ལ་ལྗང་མདོག་བགྲོད་ལམ་བཏོད་དེ“ཆད་རུང་བདག་སྤྲོད”བྱས་ནས། ཁྲལ་བསྡུའི་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་དང་ཞིབ་བཤེར་གཞོགས་འདེགས་ཁྲོད་དོགས་གཞིའི་གཞི་གྲངས་མཉམ་སྤྱོད་བྱས་ཏེ་གྱོད་གཞི་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་།

དེ་དང་ཆབས་ཅིག  མཚོ་ཤར་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ལན་ཀྲོའུ་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གྲོས་མོལ་བྱས་ནས། “ལན་ཀྲོའུ་དང་མཚོ་ཤར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་མཉམ་དུ་བསྐྲུན་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན”གྱི་འཆར་ཟིན་བཀོད་པ་དང་། ལོ་འདིའི་ནང་དངོས་སུ་གྲོས་མཐུན་དེ་འགོད་རྩིས་ཡོད།  གྲོས་མཐུན་ནང་མཚོ་ཤར་དང་ལན་ཀྲོའུ་གྲོང་ཁྱེར་གཉིས་ཀྱིས་ཡིད་རྟོན་ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་དང་།    ཡིད་རྟོན་ཚད་གཞི་ཕན་ཚུན་ཁས་ལེན་དང་མཉམ་སྤྱོད།    ཡིད་རྟོན་ཟོང་རྟགས་མཉམ་སྐྲུན་མཉམ་སྤྱོད་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་།    ས་གནས་གཉིས་ཀྱི་ཡིད་རྟོན་ཁེ་དབང་སྲུང་སྐྱོང་འདུམ་འགྲིག་ལྟེ་གནས་བཙུགས་ཏེ་ཡིད་རྟོན་གྱི་ནུས་པ་ཆེ་རུ་གཏོང་བར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་།     གྲོས་མཐུན་བཞག་རྗེས་གྲོང་ཁྱེར་གཉིས་ཀྱིས་རེས་འཁོར་ཚོགས་འདུའི་ལམ་ལུགས་འཛུགས་པ་དང་འབྲེལ་གཏུག་ཁང་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། བྱ་བའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ཡིད་རྟོན་གཞི་གྲངས་ཐོན་ཁུངས་ས་ཁོངས་ལས་བརྒལ་ནས་ནུས་ཆེའི་འཁོར་སྐྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཡིད་རྟོན་ཞབས་ཞུའི་བྱ་བ་ས་ཁོངས་ལས་བརྒལ་ནས་ནུས་མཐོའི་ངང་བསྒྲུབ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་།    འདྲ་མཉམ་གྲོས་མོལ།    ཕན་ཚུན་རོགས་སྐྱོར་དང་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མཉམ་སྐྲུན་དང་མཉམ་སྤྱོད།    གཉིས་ཕན་བཅས་དམིགས་ཡུལ་དུ་བྱེད་པ་དང་། སྒོ་འབྱེད་ཁོང་ཡངས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ།    གཉིས་ཕན་མཉམ་རྒྱལ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། གཉེར་སྐྱོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་སོགས་ཐད་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་བསྐྲུན་པའི་སྤྱི་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་དུ་ཁོང་ཡངས་དང་མཉམ་ལས།    འཕེལ་རྒྱས་བཅས་ཀྱི་ཡིད་རྟོན་མནའ་འབྲེལ་སྟེགས་བུ་ཡག་པོ་བསྐྲུན་པ་དང་།     རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡིད་རྟོན་ནུས་ཐོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།