སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ནི་མི་དམངས་སྲིད་གྲོས་ཀྱི་ཆེས་གསོན་ཤུགས་ལྡན་པ་དང་ཆེས་ཁྱད་ཆོས་ལྡན་པ། ཆེས་དགེ་མཚན་ལྡན་པ་བཅས་ཀྱི་རྒྱུན་ལྡན་རང་བཞིན་དང་རྨང་གཞིའི་རང་བཞིན་ལྡན་པའི་ལས་ཀ་ཞིག་ཡིན། ཟླ11ཚེས25ཉིན་གསར་འགོད་པས་ཞིང་ཆེན་སྲིད་གྲོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ཡི་མིག་སྔའི་བར་དུ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ཁྱོན་བསྡོམས377བསྡུ་རུབ་བྱས་པ་དང་བཅར་འདྲི་རྩོམ་སྒྲིག་བྱས་པའི་ཆ་འཕྲིན་ཁྱོན་བསྡོམས164ཡོད་པའི་ནང་དུ། རྒྱལ་ཡོངས་སྲིད་གྲོས་ཀྱིས་རྩོམ་ཡིག13དང་ལེན་བྱས་པ་དང་། ཞིང་ཆེན་ཏང་ཨུའི《མཚོ་སྔོན་གྱི་ཆ་འཕྲིན》དང《ཉིན་རེའི་གནས་ཚུལ》སོགས་གཙོས་རྩོམ་ཡིག39དང་ལེན་བྱས་ཡོད་ལ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་མཆན་འགོད་བརྒྱུད་སྤྲོད་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཏང་ཨུས་དང་ལེན་བྱེད་ཚད61.6%སླེབས་ཏེ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་འདི་ཉིད་སྲིད་གྲོས་ལས་དོན་ཁྲོད་ཀྱི་ཏང་སྲིད་སྡེ་ཁག་དང་མི་རིགས་དང་ལས་རིགས་སོ་སོས་མཐོང་ཆེན་བྱེད་པ་དང་དོ་སྣང་ཆེན་པོ་བྱེད་པ། རེ་ལྟོས་ཆེན་པོ་བྱེད་པ་བཅས་ཀྱི་འགན་འཁྲི་སྒྲུབ་སྟངས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད།
ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སྟེང་བཞག་སྟེ། “འགོ་ཁྲིད་དང་པོའི་བཟོ་སྐྲུན”ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་ཡིས་དངོས་སུ་དམ་འཛིན་བྱེད་པ་དང་ཏང་ཙུའུ་ཡི་ཁོངས་མིས་ཁ་གཏད་འབྲེལ་གཏུག་གིས་དམ་འཛིན་བྱེད་པ། དྲུང་ཡིག་ཆེན་མོ་དང་གཞུང་སྒྲུབ་ཐིན་གྱི་ཞིབ་འཇུག་ཁང་གིས་ཕན་ནུས་ཆེན་པོས་དོན་འཁྱོལ་དང་བྱེ་བྲག་ཏུ་དམ་འཛིན་བཅས་བྱེད་པའི་བྱ་བའི་ལམ་སྲོལ་བཙུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ཞིང་མཚོ་སྔོན་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།《སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་བསམ་འཆར》གཏན་འབེབས་བྱས་ནས་དངོས་སུ་བཏོན་པ་དང་། མཛུབ་སྟོན་ཤུགས་དྲག་དང་ལམ་སྲོལ་འཐུས་ཚང་། སྟོབས་ཤུགས་ཆེར་གཏོང་། དཔྱད་ཞིབ་སྣེ་ཁྲིད་སོགས་སྤྱོད་གོ་ཆོད་པའི་སྐུལ་འདེད་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས། ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་བྱ་བར“གྲངས་ཚད”དང་“སྤུས་ཚད”ཕྱོགས་གཉིས་ཀ་ནས་ཐོད་བརྒལ་དང་བརྟན་འཇགས་ཡོང་བའི་ཐད་ཤུགས་བསྣན།
ལས་ཀ་དངོས་ཀྱི་ཁྲོད་དུ་མཚོ་སྔོན་གྱི་སྲིད་གྲོས་ཨུ་ཡོན་གྱི་གྲངས་འབོར་ཉུང་བ་དང་དམངས་གཙོ་ཏང་ཁག་གི་རྩ་འཛུགས་དང་ཁོངས་མི་ཉུང་བའི་དོན་དངོས་ལ་དམ་པོར་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་ཁྲོད་དུ་བརྗོད་དོན་ལག་ལེན་བྱེད་སྒོ་དང་ཨུ་ཡོན་གྱི་འགན་ནུས་སྒྲུབ་པའི“གཅིག་ཅན་བཞི”ཡི་བྱེད་སྒོ་གསར་གཏོད་བྱས་བྱས་པ་དང་། དེའི་ཁྲོད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་དེ་ལས་འགན་འགྱུར་མེད་དང་དམིགས་འབེན་འགྱུར་མེད་ཅིག་ཏུ་བརྩིས་ནས། རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་ཏང་ཨུ་དང་སྲིད་གཞུང་གི་ལས་འགན་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་དམངས་འཚོའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ཧུར་ཐག་གིས་ཡར་ཞུ་བྱེད་པའི་ཐད་ནས་རྩ་འཛུགས་སྣེ་ཁྲིད་བྱས་པའི་དབང་གིས། རང་རེའི་ཞིང་ཆེན་གྱི་སློབ་གསོ་དང་ལས་ཞུགས། སྨན་བཅོས། འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་དཀའ་བྲེལ་སྐྱོ་གསུམ་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ཐོབ་སྣང་དང་འགན་འཁྲིའི་འདུ་ཤེས་ཇེ་ཆེར་བཏང་བར་མ་ཟད། སྲིད་གྲོས་ཨུ་ཡོན་གྱིས་མི་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ མང་ཚོགས་དང་འབྲེལ་གཏུག་དམ་ཟབ་ཀྱང་བྱས་ཡོད། དུས་མཚུངས་སུ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ལས་དོན་འབད་པས་ཡར་ཞུ་བྱེད་རྒྱུ་འདི་ཉིད་བརྟག་དཔྱད་ཞིབ་འཇུག་དང་ གྲོས་མོལ་སྲིད་གླེང་། དམངས་གཙོ་ལྟ་སྐུལ། དེ་བཞིན་ཚོགས་ཆེན་གྱི་གཏམ་བཤད། གྲོས་གཞི་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་བཅས་ཀྱི་ལས་རིམ་ཁྲོད་བཅུག་སྟེ། གྲོས་མོལ་ཐབས་འདོན་གྱི་གྲུབ་འབྲས་ཁྲོད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་གདམ་སྒྲུག་བྱ་རྒྱུར་མཐོང་ཆེན་བྱས་པར་བརྟེན། ཏང་སྲིད་སྡེ་ཁག་གིས་ཀྱང་ལས་དོན་དེར་མཐོང་ཆེན་དང་དང་ལེན་བྱས།
ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བཀོད་སྒྲིག་ལ་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་ཏེ། སྤྱི་འདོམས་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲིད་ཇུས་དང་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་དང་འཛུགས་པ་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས། བཅོས་སྒྱུར་གསར་གཏོད་ལ་མཐོང་ཆེན་དང་ལམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན། ལས་ཆོད་མཐོར་གཏོང་ལ་མཐོང་ཆེན་བཅས་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་གྱི་འགན་སྒྲུབ་སྤུས་རྟགས་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་ནས། ཏང་ཨུ་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་ལ་ཞབས་འདེགས་སྔར་ལས་གང་ལེགས་ཞུ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།