སྨན་བཅོས་ཞབས་ཞུའི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ནས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ནད་པའི་སྣ་མང་ཅན་གྱི་དགོས་མཁོར་འགན་སྲུང་བྱས།
2024.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ12པའི་ཚེས2ཉིན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་གསུམ་མཉམ་འབྲེལ་གྱི་མཉམ་ལས་བཅོས་སྐྱོང་ཕྱོགས་ནས་བྱེད་ཐབས་བཟང་བོ་སྤྱད་དེ། སྨན་བཅོས་ཞབས་ཞུའི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་པ་དང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ནད་པའི་སྣ་མང་ཅན་གྱི་དགོས་མཁོར་འགན་སྲུང་བྱས།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་ཞབས་ཞུའི་དོ་དམ་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་པ་དང་། སྨན་བཅོས་འགན་སྲུང་གི་དངུལ་སྟེར་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་ལ། རང་ཞིང་གི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་དེ་སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་བཞག་པའི་ཚད་སོ་སོར་བརྒྱ་ཆའི་གྱ་བདུན་དང་བརྒྱ་ཆའི་རེ་བརྒྱད་ལ་སླེབས།

རྒྱལ་ཁབ་ཀྱི་བུ་བཙའ་རྒྱབ་སྐྱོར་སྲིད་ཇུས་དང་ལེན་བྱས་ནས། གཞོགས་འདེགས་སྐྱེ་འཕེལ་རྣམ་གྲངས་དགུ་སྨན་བཅོས་འགན་སྲུང་གི་རྩིས་རྒྱག་ཁྱབ་ཁོངས་ནང་བཞག་པ་དང་། ལུགས་དང་མཐུན་པའི་སྒོ་ནས་ཞབས་ཞུའི་རིན་གོང་གཏན་ཁེལ་བྱས་ལ། སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་སྣས་སྒོ་བསྟེན་ཁང་དུ་གཞོགས་འདེགས་སྐྱེ་འཕེལ་རྣམ་གྲངས་ཀྱི་སྨན་བཅོས་སྤེལ་སྐབས། ལས་བཟོ་བ་དང་མཁར་གྲོང་སྡོད་དམངས་ལ་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་བཅུའི་བསྡུར་ཚད་ལྟར་འགྲོ་སོང་རྩིས་ཞུ་བྱས་པ་དང་། ཐོག་མའི་སྤྲོད་ཚད་དང་ཆེས་མཐོའི་དངུལ་སྤྲོད་བཅད་གྲངས་གཏན་ཁེལ་མ་བྱས་ལ། མངལ་མི་ཆགས་པའི་བུད་མེད་ཀྱི་བུ་བཙའ་མ་རྩ་ཇེ་དམའ་རུ་བཏང་བ་དང་། བུ་བཙའི་འདོད་བློ་ཡོད་པའི་ཁྱིམ་ཚང་གི་མངལ་མི་ཆགས་པ་དང་སྐྱེས་མི་ཕོད་པའི་གནད་དོན་ཐག་བཅད་དེ། བུ་བཙའ་མཛའ་མཐུན་རིགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཉིན་དཀར་གྱི་གཤགས་བཅོས་ནད་རིགས་ཀྱི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་སྐྱེད་པ་དང་། སྐྱ་འགྲིབ་གཤགས་བཅོས་ལག་རྩལ་སོགས་ནད་རིགས་དོན་གཅིག་དང་འབྲེལ་བའི་ཉིན་དཀར་གྱི་གཤགས་བཅོས་ལག་རྩལ་བརྒྱ་དང་ཉེར་བདུན་སྨན་བཅོས་འགན་སྲུང་གི་འགྲོ་འོང་རྩིས་ཞུའི་ཁྱབ་ཁོངས་སུ་བཞག་ལ། སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་སྣས་སྨན་བཅོས་བྱེད་སྐབས་སྨན་ཁང་དུ་ཞག་སྡོད་བྱེད་པའི་སྲིད་ཇུས་གཞིར་བཟུང་ནས་རྩིས་ཞུ་བྱས་པ་དང་། ཐོག་མའི་སྤྲོད་ཚད་མེད་པར་བཟོས་ལ། སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་ལས་ཁུངས་ཀྱིས་ནད་བརྟག་གཏན་ཁེལ་བྱས་པའི་ནད་པ་སྨན་ཁང་དུ་བླངས་ནས་སྨན་བཅོས་བྱས་ཏེ། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣའི་གྲོན་དངུལ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། སྨན་བཅོས་ལག་རྩལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐུལ་མ་བཏང་།

སྨན་བཅོས་འགན་སྲུང་ཐེབས་རྩའི་ཐེག་ཚད་ལ་བསམ་གཞིགས་གཏོང་བའི་རྨང་གཞིའི་སྟེང་། གདོང་ཞ་སོ་གས་ནད་རིགས་དྲུག་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཉིན་དཀར་གྱི་ནད་ཁང་གི་སྨན་བཅོས་འགན་སྲུང་གི་རྩིས་རྒྱག་གི་ཁྱབ་ཁོངས་ཁྲོད་བཞག་པ་དང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ནད་པས་སྨན་བཅོས་བྱེད་བའི་སྐབས་ཀྱི་སྨན་བཅོས་འགྲོ་འོང་སྣ་ཚོགས་ཞག་སྡོད་སྲིད་ཇུས་གཞིར་བཟུང་ནས་རྩིས་ཞུ་བྱེད་པ་དང་། སྨན་བཅོས་ལས་ཁུངས་ཀྱིས་ཉལ་ཁྲིའི་རིན་པ་མི་བསྡུ་བ་དང་། ནད་གཡོག་གི་རིན་པ་རིམ་གསུམ་ནད་གཡོག་གི་ཚད་གཞི་ལྟར་བརྒྱ་ཆའི་ལྔ་བཅུ་བསྡུ་ལེན་བྱས་ལ། སྨན་བཅོས་འགན་སྲུང་གི་དངུལ་སྟེར་རྩིས་ཞུའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་། མི་རིགས་ཀྱི་སྨན་བཅོས་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ལ། སྨན་བཅོས་ཐོན་ཁུངས་ཀྱི་སྡེབ་སྒྲིག་ལེགས་བསྒྱུར་བྱས་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་དང་ཞབས་ཞུའི་ལས་ཆོད་ཇེ་མཐོར་བཏང་ལ། ནད་པའི་སྨན་རིན་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་མི་རིགས་སྨན་བཅོས་བདེ་ཐང་ཞབས་ཞུའི་ཐད་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐབས་བྱས།

སྒོ་བསྟེན་ཁང་གི་ནད་གཉིས་སྨན་བཀོལ་དཀར་ཆག་གཅིག་གྱུར་བྱས་པ་དང་། དེའི་ཁྲོད། གཅིན་སྙི་ཟ་ཁུའི་ནད་ཀྱི་ནད་སྣ་བརྒྱ་དང་ཞེ་གཉིས་དང་། ཁྲག་ཤེད་མཐོ་བའི་ནད་ཀྱི་ནད་སྣ་ཉིས་བརྒྱ་དང་གྱ་དྲུག་ཐད་བཀོལ་བ་དང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ནད་པས་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་དང་སྨན་རྫས་སིལ་འཚོང་བྱེད་ས་ཡོངས་ནས་ནད་གཉིས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཆོག

རིན་ཆེན་མཚོས་བསྒྱུར།