ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.12.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ཟླ11པའི་ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་ཀྱི་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་དང་། ཟློས་གར། གློག་བརྙན་འཕྲིན་སྒྱུ་རྩལ། རོལ་དབྱངས། ཞབས་བྲོ། གཞས་མ་གཏམ་གྱི་རོལ་རྩེད་སོགས་ཁྱབ་ཁོངས་མང་པོའི་ཕུལ་བྱུང་གི་རིག་རྩལ་འཐུས་མི་རྣམས་མཉམ་དུ་འཛོམས་ནས་རིག་རྩལ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་རིགས་ཀྱི་ཕུལ་བྱུང་འཐུས་མི་རྣམས་ཀྱིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་འདོན་སྤེལ་བྱེད་པར་དམིགས་ནས་བརྗེ་རེས་དང་གཏམ་བཤད་སྤེལ། དུས་རབས་གསར་པའི་རིག་རྩལ་བྱ་བའི་ཁྲོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཇི་ལྟར་བྱས་ནས་དཀྱིལ་སྙིང་དུ་འཛིན་པ་དང་། འཚོ་བར་ཟབ་ཞུགས་དང་མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ས་གཤིས་གཤིན་པོའི་ཁྲོད་ནས་གསར་རྩོམ་གྱི་འཚོ་བཅུད་བསྡུ་ལེན་བཅས་བྱས་ཏེ། མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་ཆེ་རུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་ཉམས་མྱོང་རྩ་ཆེན་བརྗེ་རེས་དང་མཉམ་སྤྱོད་བྱས། ཚོགས་འདུའི་སྟེང་ད་དུང་ཆེད་དུ་ནུབ་བྱང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐང་ཧིན་གདན་དྲངས་ནས《ཞི་ཅིན་ཕིང་གི་མི་དམངས་རིག་རྩལ་ལྟ་བ》ཞེས་པའི་ཆེད་དོན་ཟུར་ཁྲིད་བྱས་ཤིང་། སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིག་རྩལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས། ཞི་ཅིན་ཕིང་གི་མི་དམངས་རིག་རྩལ་ལྟ་བར་སྙིང་བསྡུས་དང་ཕྱོགས་སྡོམ་བྱས་པར་མ་ཟད། དེ་ལ་རྒྱས་བཤད་ཟབ་མོ་བྱས་པ་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་གསུང་བཤད་ཀྱི་དགོངས་དོན་གྱི་ཁྲིད་སྟོན་འོག  རིག་རྩལ་འཐབ་ཕྱོགས་ཐད་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མཚོན་པར་བྱས།

ཚོགས་ཞུགས་མི་སྣས་བཞུགས་མོལ་ཚོགས་འདུ་བསྡུས་བ་དེ་ཞིང་ཆེན་ཡོངས་ཀྱི་རིག་རྩལ་བྱ་བ་སྒྲུབ་མཁན་ལ་བརྗེ་རེས་ལས་སྟེགས་ཤིག་བསྐྲུན་ཏེ། བསམ་བློའི་ངོས་འཛིན་དང་ཉམས་མྱོང་མཉམ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་ནས་དགེ་མཚན་ལྡན་པའི་སྒྱུ་རྩལ་གསར་རྩོམ་གྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་ཡིན་པ་དང་། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུས་རབས་གསར་པའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱི་འགན་འཁྲི་དང་ལས་འགན་རང་རྟོགས་སྒོས་འཁུར་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། ཡང་དག་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་སྟོན་ཇེ་བརྟན་དུ་གཏོང་བ། གསར་རྩོམ་གྱི་མཐོང་རྒྱ་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚོ་སྔོན་གྱི་ལེའུ་འབྲི་བར་རྗོགས་མཐའ་མེད་པའི་རིག་རྩལ་གྱི་གསོན་ཤུགས་སྣོན་རྒྱུ་ཡིན་ཞེས་བསྟན།།

འབྲུག་མོས་བསྒྱུར།