ཟླ11པའི་ཚེས24ཉིན་ནས་ཚེས30ཉིན་བར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་ལ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་རྟེན་མཛོད་གླིང་གིས་འགན་ཁུར་ནས་བསྒྲུབས་པའི2024ལོའི་ཞིང་ཆེན་ཡོངས་ཀྱི་རྟེན་མཛོད་གླིང་གི་འགོ་གཙོའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།
ཐེངས་འདིའི་གསོ་སྦྱོང་གི་སློབ་ཁྲིད་བཀོད་སྒྲིག་ཐད་ནས་རང་ཞིང་གི་རྟེན་མཛོད་གླིང་གི་གནས་མང་པ་དང་རྒྱ་ཆེ་བ། ཁ་ཐོར་བ། རིགས་སྣ་མང་པ་སོགས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་བརྒྱད་གདན་ཞུ་བྱས་ཏེ་ཟུར་ངོས་མི་འདྲ་བར་རྐང་བཙུགས་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་རྟེན་མཛོད་གླིང་ཁྱབ་ཁོངས་ཀྱི་མཛུབ་ཁྲིད་ནུས་པ་དང་རྟེན་མཛོད་གླིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཕྱོགས་ཀྱི་རྩོལ་ནུས། རྟེན་མཛོད་གླིང་གི་སྨྱན་མང་གཟུགས་འགྲེམ་སྟོན། འགྲེམ་སྟོན་ཇུས་འགོད་ཐད་ཀྱི་འཇོན་མི་སྐྱེད་སྲིང་། རིག་དངོས་སྲུང་སྐྱོབ་སོགས་ཕྱོགས་ནས་སློབ་ཁྲིད་དང་མཉམ་སྤྱོད་བྱས། སློབ་མ་ཚོས་གཞུང་ལུགས་སློབ་སྦྱོང་དང་ཡུལ་དངོས་ལྟ་སྦྱོང་། ཚན་ཆུང་བགྲོ་གླེང་སོགས་ཀྱི་རྣམ་པ་བརྒྱུད་དེ། སློབ་སྦྱོང་རྒྱུས་ལོན་དང་བསམ་བློ་བརྗེ་རེས། ཆུ་ཚད་ཇེ་མཐོར་བཏང་།
གསོ་སྦྱོང་བྱེད་སྐབས། ད་དུང་སློབ་མ་རྩ་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་རྟེན་མཛོད་གླིང་དང་མཚོ་སྔོན་གྱི་བོད་ལུགས་གསོ་རིག་རིག་གནས་རྟེན་མཛོད་གླིང་། ཟི་ལིང་གྲོང་ཁྱེར་རྟེན་མཛོད་གླིང་། མཚོ་སྔོན་རང་བྱུང་ཐོན་ཁུངས་རྟེན་མཛོད་གླིང་ལ་སོང་ནས་ཡུལ་དངོས་ནས་སློབ་སྦྱོང་བྱས་པ་དང་། རྟེན་མཛོད་གླིང་དང་འགྲེམ་སྟོན་ཁང་གི་རྩོལ་ནུས་ངེས་གནས་དང་བར་སྟོང་གྲུབ་ཚུལ། འགྲེམ་སྟོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། དེ་དང་མཉམ་དུ། སློབ་མ་ཚོས་རྟེན་མཛོད་གླིང་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་དང་ཐག་གཅོད་བྱེད་ཐབས་ཀྱི་བརྗོད་དོན་ལ་དམིགས་ནས་བགྲོ་གླེང་བྱས་པ་དང་། ཚང་མས་ཉམས་མྱོང་མཉམ་སྤྱོད་དང་ཐབས་འདོན་ཇུས་འགོད་བྱས།
རིན་ཆེན་མཚོས་བསྒྱུར།