ཟླ12པའི་ཚེས2ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ཁེ་ལས་དང་མང་ཚོགས་ཀྱི་ཆེད་དུ་ནུས་མཐོ་སྒོས་བྱ་བ་གཅིག་ལེགས་པོར་སྒྲུབ་པ་དམིགས་འབེན་དུ་བྱས་ནས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་བྱེད་ཐབས་གསར་བ་དོན་འཁྱོལ་བྱས་པ་དང་། ཁྲིམས་མཐུན་སྲོལ་མཐུན་གྱི་རྨང་གཞིའི་སྟེང་གོ་རིམ་ཇེ་ཉུང་དུ་བཏང་ཞིང་རྒྱུ་ཆ་ཇེ་ཉུང་དུ་བཏང་ལ། དུས་ཡུན་ཇེ་ཐུང་དུ་བཏང་བ་དང་། ཁེ་ལས་ཀྱི་གཞུང་སར་ཐོ་འགོད་བྱ་བ་སྒེའུ་ཁུང་གཅིག་ནས་དང་ལེན་བྱས་ནས་མཉམ་དུ་བསྒྲུབ་པའི་ཞིབ་བཤེར་མཆན་འགོད་རྣམ་པ་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས་ཏེ། ནུས་ཤུགས་ཡོད་རྒུས་བདག་གཉེར་བྱེད་མཁན་གཙོ་བོའི་ སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
མཚོ་ཤར་གྲོང་ཁྱེར་གྱིས་ཁེ་ལས་ཀྱིས་སྒེའུ་ཁུང་གཅིག་ནས་མཉམ་དུ་སྒྲུབ་པ་དང་། དྲ་ངོས་གཅིག་ནས་མཉམ་དུ་སྒྲུབ་པར་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱིས་གཞུང་སར་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་བོ་གློག་རྡུལ་ཅན་དུ་བསྒྱུར་ནས། ཁེ་ལས་ཀྱིས་དྲ་ངོས་ནས་རེ་ཞུ་བྱེད་པ་དང་རྒྱུ་ཆ་སྤྲོད་པ། མྱུར་ཚད་ཞིབ་བཤེར་བྱེད་པ་བཅས་ལ་སྟབས་བདེ་བཟོས་པ་དང་། བཅོས་སྒྱུར་ཟབ་སྤེལ་བྱས་པ་བརྒྱུད། བདག་གཉེར་བྱེད་མཁན་གཙོ་བོ་མགྱོགས་མྱུར་ངང་ཟབ་ཞུགས་བྱས་ནས་ཚོང་གཉེར་བྱེད་པར་རོགས་ཤུགས་བཏོན་པ་དང་། ཁེ་ལས་ཀྱིས་བརྒྱུད་རིམ་ཧྲིལ་བོ་ཇེ་ཉུང་དུ་བཏང་ནས་གོ་རིམ་གཅིག་ཏུ་བསྒྱུར། ཐོ་འགོད་གྱི་གོ་རིམ་སྔར་ལས་ལེགས་སྒྱུར་བྱས་པ་དང་། ཐོ་འགོད་དང་ཞིབ་བཤེར་གཏན་འབེབས་གཉིས་གཅིག་གྱུར་ལ་སྐུལ་འདེད་བཏང་སྟེ། ཞིབ་བཤེར་མཆན་འགོད་དུས་ཡུན་ཇེ་ཐུང་དུ་བཏང་ནས་ཉིན་ཕྱེད་ཀར་བསྒྱུར་བ་དང་། ཚོང་གཉེར་བྱེད་མཁན་གཙོ་བོས་ཐོ་འགོད་དང་ཁྲལ་དོན་ཐོ་འགོད། ཐམ་ག་བརྐོ་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ལས་སྒོ་ཚང་མ་ཉིན་གཅིག་གི་ནང་བསྒྲུབས་ཚར་བར་བྱས།
དྲ་ངོས་ནས་བསྒྲུབ་པ་གཙོ་བོར་བཟུང་ཞིང་ཡུལ་དངོས་ནས་གནད་དོན་དངོས་ཐག་གཅོད་པའི་སྲིད་དོན་ཞབས་ཞུའི་རྣམ་པ་གསར་བ་བསྐྲུན་ཞིང་། སྡེ་ཁག་བརྒལ་ནས་ལས་དོན་སྒྲུབ་པ་དང་། རེའུ་མིག་མང་པོ་གཅིག་གྱུར་བྱས་ནས་རེའུ་མིག་གཅིག་ལ་བརྟེན་ནས་རེ་ཞུ་རྒྱག་པ། རྒྱུ་ཆ་མང་པོ་ཐེངས་གཅིག་ལ་སྤྲོད་པ་ལག་བསྟར་བྱས་ཏེ། སྡེ་ཁག་རྐྱང་པས་ཞིབ་བཤེར་ཆོག་མཆན་འགོད་པ་ནས་མཉམ་འབྲེལ་མཉམ་སྒྲུབ་ཀྱིས་ཞིབ་བཤེར་ཆོག་མཆན་འགོད་པ་མངོན་འགྱུར་བྱུང་བས། ལས་ཆོད་མཐོ་བའི་སྒོ་ནས་སྒྲུབ་པ་དང་། མགྱོགས་མྱུར་སྒོས་སྒྲུབ་པ། སེམས་ཁྲལ་མི་དགོས་པར་བསྒྲུབ་པ་བཅས་ཀྱི་རྣམ་པ་གྲུབ་སྟེ། བྱ་བ་མང་པོ་ངོ་ཐུག་མི་དགོས་པར་ཞིབ་བཤེར་ཆོག་མཆན་འགོད་ཐུབ་པ་མངོན་འགྱུར་བྱུང་།
མཚོ་ཤར་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་བྱས་ཤིང་། ཁེ་ལས་དང་མང་ཚོགས་ཀྱི་སྣ་མང་ཅན་དང་སྒེར་གཤིས་ཅན་གྱི་ཞབས་ཞུའི་དགོས་མཁོ་སྐོང་བར་དམིགས་ནས། བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ལ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་ནས། ནུས་ཤུགས་ཡོད་རྒུས་སྟབས་བདེ་དང་ནུས་མཐོ། སྤུས་ལེགས་ཅན་བཅས་ཀྱི་སྲིད་དོན་ཞབས་ཞུའི་ཁོར་ཡུག་བསྐྲུན་པ་དང་མཉམ་དུ་འབྲེལ་ཡོད་སྡེ་ཁག་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་པ་དང་། ཚང་མའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་པར་མཉམ་དུ་སྐུལ་འདེད་བཏང་།
ལྷ་མོ་འཚོས་བསྒྱུར།