ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས 2024 ལོའི་ལོ་ཧྲིལ་བོའི་རྣམ་གྲངས་ཅན་གྱི་ཏང་འཛུགས་སྐྲུན་ཞིབ་དཔྱད་རྩིས་ལེན་བྱས།
2024.12.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

ཟླ 11 ཚེས 29 ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གྲོང་ཁྱེར་དང་ཁུལ་ཏང་ཨུ 8 དང་ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང5ཡི་ཏང་ཙུའུ་ཡིས2024ལོའི་ཧྲུའུ་ཅིའི་སྣེ་ཁྲིད་དེ་ལག་བསྟར་བྱས་པའི་ཞིང་ཆེན་རིམ་པའི་གཙོ་གནད་ཏང་འཛུགས་རྣམ་གྲངས་ལ་ཞིབ་དཔྱད་རྩིས་ལེན་བྱས། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་། མཚོ་ཤར་གྲོང་ཁྱེར་ཏང་ཨུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ལག་བསྟར་བྱས་པའི་ཏང་འཛུགས་སྐྲུན་རྣམ་གྲངས 4 ལ་ལོ་ཧྲིལ་བོའི་ཞིང་ཆེན་རིམ་པའི་ཕུལ་བྱུང་ཏང་འཛུགས་སྐྲུན་རྣམ་གྲངས་ཐོབ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་བཅུ་ཡི་རིང་ལ། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་བརྒྱད་ལྷག་བཏང་བ་དང་། ས་ཁུལ་སོ་སོ་དང་། ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་སོ་སོ། ཏང་ཙུའུ་བཅས་ཀྱིས་ཆ་སྡེབ་མ་དངུལ་སྒོར་ཐེར་འབུམ་གཉིས་ལྷག་བཏང་སྟེ། རྣམ་གྲངས་དམ་འཛིན་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཐག་བཅད་དེ། རྣམ་གྲངས་ཅན་གྱི་ཏང་འཛུགས་སྐྲུན་དེ་གཞི་རིམ་གྱི་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤུས་འདེགས་རིམ་སྤར་གྱི་འཛིན་ལུང་གཙོ་བོ་དང་ནུས་ལྡན་ཐབས་ལམ་དུ་གྱུར་ཡོད། ས་གནས་སོ་སོ་དང་ཏང་གི་ཨུ་ཡོན་ལྷན་ཁང་སོ་སོ། ཏང་ཙུའུ་བཅས་ཀྱིས་མུ་མཐུད་དུ་ནུས་པ་འདོན་པ་དང་ཡང་དག་པས་ཁོང་དུ་ཆུད་པ། ལས་གཞིའི་ཏང་འཛུགས་ཀྱི“གསེར་གྱི་ལྡེ་མིག” བེད་སྤྱོད་ཡག་པོ་བཅས་བྱས་ཏེ། ཧྲུའུ་ཅིས་དངོས་སུ་དམ་འཛིན་དང་། དངོས་སུ་སྐུལ་འདེད་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བ་དང་། “རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཐག་གཅོད་པར་དམིགས་པ། ཏན་ཏན་ཏིག་ཏིག་གིས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བར་དོ་སྣང་བྱས་ཏེ། མང་ཚོགས་ལ་ཚོར་ཤེས་ཡོད་དུ་འཇུག་དགོས། དུས་མཚུངས་སུ་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སྤྱི་བསྡོམས་བྱས་ཏེ། རྣམ་གྲངས་གཅིག་ལག་བསྟར་བྱས་ནས་གནད་དོན་སྐོར་ཞིག་ཐག་གཅོད་པར་སྐུལ་འདེད་བྱས་ཏེ། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་རྨང་གཞི་བརྟན་པོ་འདིང་དགོས། 

འབྲུག་མོས་བསྒྱུར།