མཚོ་སྔོན་ཞིང་ཆེན་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས2024ལོའི་གཟིགས་སྐྱོང་དང་དགུན་དྲོན་མོ་ཞེས་པའི་ཆེད་དོན་འགུལ་སྐྱོད་སྤེལ།
2024.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ12པའི་ཚེས5ཉིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི་གཟིགས་སྐྱོང་དང་དགུན་དྲོན་མོ་ཞེས་པའི་འགུལ་སྐྱོད་སྤེལ་བའི་མཛད་སྒོ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་བསྡུས། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀའོ་རུའུ་ཀྲའོ་དང་། ཀྲུའུ་རིན་གཞོན་པ་སུའུ་ཉིང་། ཧན་ཡུས་ཀུའེ་བཅས་མཛད་སྒོར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། རྒན་པ་ལྔའི་འཐུས་ཚབ། དགེ་སློབ་ཀྱི་འཐུས་ཚབ་བཅས་བསྡོམས་པས་མི་ཉིས་བརྒྱ་ལྷག་བྱ་འགུལ་ལ་ཞུགས།

གཟིགས་སྐྱོང་དང་དགུན་དྲོན་མོ་ཞེས་པའི་འགུལ་སྐྱོད་ནི་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་པ་དང་། ཏང་སྲིད་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། ན་གཞོན་ལོ་ཆུང་གི་དགོས་མཁོ་བསམ་པ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནུས་པ་གང་ལེགས་འདོན་པའི་བྱ་བའི་ངེས་གནས་ལ་དམིགས་ནས། བསམ་པའི་ཕྱོགས་ཀྱི་གཟིགས་སྐྱོང་དང་དངོས་པོའི་ཕྱོགས་ཀྱི་གཟིགས་སྐྱོང་གཉིས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཤུགས་ཡོད་རྒུས་རིགས་སོ་སོའི་ན་གཞོན་ལོ་ཆུང་གི་དཀའ་གནད་ཐག་གཅོད་པ་དང་ཁོ་ཚོའི་ཆེད་དུ་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་པའི་བྱེད་ཐབས་བཟང་བོ་ཞིག་ཡིན། བྱ་འགུལ་སྤེལ་བའི་ཚུན་གྱི་ལོ་བདུན་རིང་ལ། གཟིགས་སྐྱོང་དང་དགུན་དྲོན་མོའི་འགུལ་སྐྱོད་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི་རྒན་པ་ལྔ་རྩ་འཛུགས་བྱས་ནས་དགེ་མཚན་དང་ནུས་པ་འདོན་སྤེལ་བྱས་ཏེ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་སྤེལ་བའི་ཚོང་རྟགས་མིང་གྲགས་ཅན་དུ་གྱུར་ལ། ན་གཞོན་ལོ་ཆུང་ལ་གཟིགས་སྐྱོང་དང་རོགས་སྐྱོར་བྱེད་པའི་གསེར་མདོག་གི་མིང་བྱང་དུ་ཡང་གྱུར་ཡོད།

ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་དཔེ་སྟོན་སྣེ་ཁྲིད་འོག རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རང་འགུལ་གྱིས་སྤྱིའི་ཡོངས་ཁྲོད་འདྲེས་པར་བྱས་པ་དང་། ལོ་ལོན་དང་ལོ་ཆུང་གིས་མཉམ་སྐྲུན་བྱེད་པ་དང་། ལོ་ལོན་དང་ལོ་ཆུང་གིས་བསམ་བློ་བརྗེ་རེས་བྱེད་པའི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ལ། རྒྱ་ཆེའི་རྒན་པ་ལྔའི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱས་པ་དང་། ན་གཞོན་ལོ་ཆུང་ལ་འཚོ་བའི་སྟེང་ནས་རོགས་སྐྱོར་དང་བརྩེ་སེམས་སྟེང་ནས་ཐུགས་ཁུར་བྱས་ཤིང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་རྩ་འཛུགས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

མཛད་སྒོའི་སྟེང་། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་ཐེབས་རྩ་ཚོགས་པ་བརྒྱུད་དེ་གྲོང་ཁྱེར་དང་ཁུལ་བརྒྱད་ལ་སྒོར་འབུམ་བཞི་དང་ཁྲི་བརྒྱད་ཀྱི་གཟིགས་སྐྱོང་དང་དགུན་དྲོན་མོའི་ཆེད་དོན་མ་དངུལ་ཞལ་འདེབས་སུ་ཕུལ་བ་མ་ཟད། འཚོ་བར་དཀའ་ཁག་ཡོད་པའི་ན་གཞོན་ལོ་ཆུང་བཞི་བརྒྱ་དང་ལྔ་བཅུར་རིན་ཐང་སྒོར་འབུམ་གཅིག་དང་ཁྲི་ལྔའི་དགུན་ལྭ་དང་དགུན་ལྷམ་ཞལ་འདེབས་སུ་ཕུལ་ནས། དཀའ་ཁག་ལ་ཐུག་པའི་ན་གཞོན་ལོ་ཆུང་གིས་དྲོད་ཁོལ་ལྡན་པའི་དགུན་དུས་ཤིག་རོལ་བར་རོགས་རམ་བྱས།

རིན་ཆེན་མཚོས་བསྒྱུར།