ལས་ཁུངས་གཉིས་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སྐྱོབ་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཉིས་བྱེ་བ་བདུན་དང་ས་ཡ་གཉིས་བྱིན།
2024.12.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་ཅུའུ་གཉིས་ཀྱིས་ཉེ་ལམ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གནོད་སྐྱོབ་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཉིས་བྱེ་བ་བདུན་དང་ས་ཡ་གཉིས་བྱིན་ནས། ས་གནས་ཀྱིས་གནོད་ཐེབས་མང་ཚོགས་ཀྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནས་སྐབས་ཀྱི་འཚོ་བའི་དཀའ་ཁག་སེལ་བའི་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་ཐད་གཅོད་པ་དང་། གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་དགུན་ཞིག་རོལ་བར་འགན་སྲུང་བྱེད་རྒྱུ་རེད། 

ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་འབྲེལ་ཡོད་ས་ཁུལ་གྱི་ནོར་སྲིད་དང་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་བཀོད་སྒྲིག་བཟང་བོ་དང་ལག་བསྟར་ནན་མོ་བྱེད་པ་དང་། རིགས་བགར་ནས་རོགས་སྐྱོབ་བྱེད་པ་དང་། གཙོར་བཟུང་ནས་རོགས་སྐྱོབ་བྱེད་པ། གནད་ཕིགས་རོགས་སྐྱོབ་བྱེད་པའི་རྩ་དོན་ལྟར། ཚན་རིག་དང་མཐུན་པ་དང་ལུགས་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་ཇུས་གཞི་གཏན་འབེབས་བྱེད་པ། དགུན་དཔྱིད་དུས་ཀྱི་རོགས་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ། མ་དངུལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ། མ་དངུལ་བཀག་ཉར་གཞན་སྤྱོད་བྱེད་པར་བཀག་འགོག་བྱས་ཏེ། མ་དངུལ་དུས་ཐོག་ཏུ་སྲིད་ཇུས་ཀྱི་གཏན་ཁེལ་ལྟར་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་ཁག་ཐེག་བྱེད་པ་དང་། མ་དངུལ་གྱི་ཕན་འབྲལ་འདོན་སྤེལ་བྱས་ནས། གནོད་ཐེབས་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་དགུན་ཞིག་རོལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

རིན་ཆེན་མཚོས་བསྒྱུར།