མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོབ་ཀྱི་ལྟ་ཞིབ་ཁྲིམས་འཛིན་དཔེ་མཚོན་གྱོད་གཞི་སྐོར་ཞིག་ཁྱབ་བསྒྲགས་དང་གཅིག་སྡུད་བཅོས་སྐྱོང་བྱས།
2024.12.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 40

 ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས་ཡིན’ཞེས་པའི་བླང་བྱ་གལ་ཆེན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་རྣམ་ཅན་དུ་འགྱུར་བར་ལྟ་སྐུལ་དོ་དམ་དང་འགན་འཁྲི་རྩད་གཅོད་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ།  གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ།    གྱོད་གཞིར་བརྟེན་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་ཁུར་དང་། རྒྱབ་སྐྱོར། ཟབ་ཞུགས། ལྟ་སྐུལ་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གིས་བསྐྲུན་ཆེད། ཟླ12པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཁྲིམས་འཛིན་དཔེ་མཚོན་གྱོད་གཞི8ཁྱབ་བསྒྲགས་བྱས་པར་མ་ཟད་གཅིག་སྡུད་བཅོས་སྐྱོང་བྱས།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་དེ་གད་སྙིགས་དང་བཙོག་ཆུའི་གནད་དོན་གྲལ་བཤེར་བཅོས་སྒྲིག་ལེགས་པོ་མ་བྱས་པ་དང་། བཟོ་གཏེར་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མེད་པ།  ལས་གཞི་འཛུགས་སྐྲུན་གྱི་སྐྱེ་ཁམས་ཁོར་ཡུག་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ་སོགས་ཀྱི་གནད་དོན་དང་འབྲེལ་ཡོད་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱེད་པ་ནི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཟབ་ནན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།  རྒྱུས་ལོན་བྱུང་བ་ལྟར་ན། རྗེས་ཕྱོགས་སུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྡེ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་ལྟར། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་།  དཔེ་མཚོན་གྱོད་གཞི་མུ་མཐུད་དུ་ཁྱབ་བསྒྲགས་དང་ཉེན་བརྡའི་ཟིལ་ཤུགས་ཆེ་རུ་གཏོང་བ། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དེ་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ།“ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས།”“འཕེལ་རྒྱས་ལ་དོ་དམ། ལས་རིགས་ལ་དོ་དམ། ཐོན་སྐྱེད་ལ་དོ་དམ་བཅས་བྱེད་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ངེས་པར་དུ་དོ་དམ་བྱེད་དགོས་པའི”འགན་འཁྲི་དོན་འཁྱོལ་བྱེད་པ།  “ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ” བཅས་རང་རྟོགས་ཀྱིས་བརྩོན་ལེན་བྱེད་པར་བརྩིས་ཏེ།  སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྩ་བ་ནས་སྔོན་འགོག་བྱེད་པར་མཐོང་ཆེན་དང་།  སྔ་མོ་ནས་དམ་འཛིན།  ཆུང་བ་ནས་སྔོན་འགོག  གནད་དོན་ཆུང་བ་གནད་དོན་ཆེན་པོར་འགྱུར་བར་སྔོན་འགོག་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་རྣམ་པ་བཟང་པོ་ཆགས་པར་ཤུགས་སྣོན་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།