དར་ལག་རྫོང་གིས་ལས་བྱེད་པས་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་མ་བཏང་།
2024.12.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ལས་བྱེད་པའི་ཚད་གཞི་གཏན་ཁེལ་བྱེད་པ་དང་ལྟ་ཞིབ་ཀྱི་ཐབས་ལམ་རྒྱ་བསྐྱེད་པ། གྲུབ་འབྲས་བཀོལ་སྤྱོད་ལ་དོ་སྣང་བྱེད་རྒྱུ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཁྱབ་ཁོངས་ཆེན་པོ་དང་ཕྱོགས་ངོས་མང་པོ། མིག་རྒྱ་ཆེ་བའི་སྒོ་ནས་ལས་བྱེད་པར་གདེང་འཇོག་ལྟ་ཞིབ་བྱས་ལ། མཐོར་ཟུར་མང་པོ་དང་ཐག་ཉེ་ས། ཕྱོགས་ཡོངས་ནས་ལས་བྱེད་པར་གནད་ཕིགས་དབྱེ་འབྱེད་དང་འདེམ་བསྐོ་བྱས་ཏེ། ལས་ཐོག་ལས་བྱེད་པས་ཁག་ཁུར་འབད་བརྩོན་བྱེད་པར་རྒྱུན་མཐུད་ངང་སྐུལ་མ་བཏང་།

དར་ལག་རྫོང་གིས་ལས་བྱེད་པའི་བྱ་སྤྱོད་དངོས་ལ་ཟུང་འབྲེལ་བྱས་ནས་རྒྱུས་ལོན་དང་དབྱེ་འབྱེད་བྱས་པ་དང་། ལས་བྱེད་པའི་དཔུང་སྡེ་ཁྲོད་ཀྱི་ཁག་ཁུར་བྱེད་མི་འདོད་པ་དང་ཁག་ཁུར་བྱེད་མི་ཕོད་པ། ཁག་ཁུར་བྱེད་མི་ཤེས་པ་སོགས་ཀྱི་གནད་དོན་སྣ་ཚོགས་ལ་ཞིབ་བཤེར་དང་ཡོ་བསྲང་ནན་མོ་བྱས་པ་དང་བཅོས་སྐྱོང་བཟང་བོ་བྱས། རྟོག་ཞིབ་ནས་འགོ་བརྩམས་ནས། ཐབས་མང་མཉམ་སྤྱོད་དང་ལམ་བུ་རྒྱ་སྐྱེད་པ་དང་། ཕྱོགས་ཡོངས་ནས་ལས་བྱེད་པའི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ཏེ། དངོས་གཉེར་ཁག་ཁུར་གྱི་ཚད་གཞི་དེ་ལས་བྱེད་པ་དབྱེ་འབྱེད་རྟོག་ཞིབ་ཀྱི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས། དུས་མཚུངས་སུ། དཔྱད་ཞིབ་ཀྱི་མཇུག་འབྲས་དེ་ལས་བྱེད་པའི་གོ་གནས་ཡར་སྤོར་མར་ཕབ་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩིས་ནས། གཙོ་གནད་བྱ་བ་དང་ལས་གཞི་གལ་ཆེན་སོགས་ཀྱི་ལས་གནས་དངོས་ཀྱི་སྟེང་ཡོད་པའི་ཁག་ཁུར་བྱེད་ཕོད་པ་དང་ལས་འབྲས་འབུར་དུ་ཐོན་པ། མང་ཚོགས་ཀྱི་ཁས་ལེན་བྱེད་པའི་ཕུལ་བྱུང་ལས་བྱེད་པ་སྔོན་དུ་གོ་གནས་སྤོར་བར་བསམ་གཞིགས་བཏང་སྟེ། འཕེལ་རྒྱས་ཐད་ཀྱི་ནུས་ལྡན་ལས་བྱེད་པ་དང་བཅོས་བསྒྱུར་ཐད་ཀྱི་སྟོབས་ལྡན་ལས་བྱེད་པ་སྐོར་ཞིག་སྐྱེད་སྲིང་བྱས།

རིན་ཆེན་མཚོས་བསྒྱུར།