གུང་ཧོ་རྫོང་གིས་འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་གཉིས་རུང་གི་ཐད་ནས་གྲུབ་འབྲས་བཟང་བོ་བླངས།
2024.12.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 35

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ལས་བྱེད་པའི་གོ་གནས་འཕར་ཐུབ་ཀྱང་མར་ཕབ་མི་ཐུབ་པའི་དཀའ་གནད་གཙིགས་སུ་བཟུང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་ལ་རྐང་བཙུགས་པ་དང་། རྒྱུས་ལོན་བྱེད་པའི་བསམ་བློ་བཅངས་ནས། འདེམ་སྤྱོད་ཀྱི་ཚད་ཤིང་གཏན་ཁེལ་བྱེད་པ་དང་གནད་ཕིགས་ལྟ་ཞིབ་དང་དབྱེ་འབྱེད་བྱེད་པ། དོ་དམ་ནན་མོ་དང་བྱམས་སྐྱོང་ཆེན་པོ་བྱེད་པ་འབུར་དུ་ཐོན་པར་བྱེད་པ་སོགས་ཕྱོགས་ནས་འཚོལ་ཞིབ་བཟང་བོ་བྱས་ཏེ། འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་གཉིས་རུང་གི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་།

གུང་ཧོ་རྫོང་གིས་ཕུལ་བྱུང་མི་སྣ་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་གཏན་ཁེལ་གསལ་བོ་བྱས་པ་དང་། ཕུལ་བྱུང་མི་སྣ་སྐྱེད་སྲིང་བྱེད་པའི་སྟེགས་བུ་བཙུགས་ལ། དྲང་ཕྱོགས་ཀྱི་སྐུལ་སློང་འབུར་དུ་ཐོན་པར་བྱས་པ་དང་། སྐུལ་སློང་དང་ཚོད་འཛིན། སྐྱོན་བསྲུང་བཅས་གཞི་གཅིག་ཏུ་འདྲེས་པར་བྱས་ལ། གྲུབ་འབྲས་དཔྱད་ཞིབ་ཀྱི་ཁྱབ་བསྒྲགས་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། གནད་དོན་སྔོན་བརྡ་ཚད་ལྡན་ཅན་དང་སྒྲིག་བསྟར་རྩད་གཅོད་རྒྱུན་སྲོལ་ཅན། ལམ་ལུགས་ལྟ་སྐུལ་གཟབ་དམ་ཅན་དུ་བསྒྱུར་བ་རྒྱུན་འཁྱོངས་བྱས། མར་ཕབ་པའི་གནོན་ཤུགས་བརྒྱུད་ཁྲིད་བྱས་པ་དང་། མི་སྒྲུབ་པའི་ལས་ཁུངས་རིགས་གསུམ་དང་སྙོམས་ཉལ་ཚུལ་གྱི་ལས་བྱེད་པ་རིགས་བཞི་གཏན་ཁེལ་གསལ་བོ་བྱས་ལ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་། སྡེ་ཁག་སོ་སོ། གཞུང་ཞབས་པ་དང་ལས་དོན་སྡེ་ཁག་མི་སྣ་ཡོངས་རྫོགས་དོ་དམ་གྱི་རྐྱེན་སྲོལ་ཁྲོད་བཞག་ནས། བྱང་སྔོན་གྱིས་གསལ་འདེབས་བྱེད་པ་དང་བྱང་སེར་གྱིས་ཐ་ཚིག་སྒྲོག་པ། བྱང་དམར་གྱིས་འགན་འཁྲི་རྩད་གཅོད་བྱེད་པ་ལག་བསྟར་བྱས་ཏེ། ལས་བྱེད་པའི་གོ་གནས་མར་ཕབ་རྗེས་ཕྱོགས་གང་ཐད་ནས་མཐོར་འདེགས་ཡོང་བ་དང་། ཡང་བསྐྱར་གོ་གནས་སྤོར་དུས་ཐབས་ལམ་ཡོད་པར་བྱས་ལ། འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་གཉིས་རུང་གི་འཁོར་རྒྱུག་བཟང་བོ་གྲུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།