རང་ཞིང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལ་ཤུགས་བསྣན་ནས་གློག་འདྲེན་སྐུད་ལམ་གྱི་བདེ་འཇགས་ལ་འགན་སྲུང་བྱས།
2024.12.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 40

ཉེ་སྔོན། རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་ཀུང་ཟིའི་ལས་བཟོ་པས་མི་མེད་གནམ་གྲུའི་སྐོར་ཞིབ་ཀྱི་མཐོང་རྒྱ་ཡངས་པ་སོགས་ཀྱི་དགེ་མཚན་བེད་སྤྱད་དེ། ལམ་བར་གྱི་ནགས་ཚལ་དང་རྩྭ་ཐང་སོགས་ཁུལ་ཁོངས་ནང་གི་གློག་འདྲེན་སྐུད་ལམ་ལ་མེ་འགོག་སྐོར་ཞིབ་བརྟག་བཤེར་བྱས་ནས། དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་གློག་འདྲེན་སྐུད་ལམ་གྱི་མེ་འགོག་བདེ་འཇགས་དང་གློག་ཤུགས་སྐུད་ལམ་གྱི་བརྟན་འཇགས་འཁོར་རྒྱུག་ལ་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། དགུན་དུས་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འབྱུང་སླ་བའི་དུས་སྐབས་ཡིན་པས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གོད་ཆག་བྱུང་བར་སྔོན་འགོག་དང་བཀག་འགོག་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་བཅོས་འགན་འཁྲི་ལག་བསྟར་བྱེད་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་བྱེད་པར་ཤུགས་བསྣན་པ་དང་། ཉེན་ཁ་གྲལ་བཤེར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བྱས་ལ། བགྲོད་ལམ་མཐོང་རུང་ཅན་གྱི་བཀོལ་སྤྱོད་ཇེ་ཟབ་ཏུ་བཏང་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་ཚོད་འགོག་སྤུས་འབྲས་ཇེ་མཐོར་བཏང་། མངའ་ཁོངས་ས་ཆའི་འཕྲལ་བསྟུན་དང་མེ་གསོད་མེ་འགོག ནགས་རྩྭ་སྡེ་ཁག་དང་གློག་འདོན་སྡེ་ཁག་སོ་སོའི་བར་མེ་སྐྱོན་ཆ་འཕྲིན་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་བ་དང་། མཉམ་འབྲེལ་སྒོས་མེ་སྐྱོན་ཉེན་ཁར་སྐོར་ཞིབ་བྱེད་པ་དང་། མཉམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མེ་གསོད་འཕྲལ་བསྟུན་འཁྲབ་སྦྱོང་སྤེལ་བ། གློག་འདྲེན་སྐུད་ལམ་གྱི་བགྲོད་ལམ་ཉེ་འགྲམ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཆུང་བའི་མེ་གསོད་པར་རོགས་བྱེད་པ་སོགས་ཀྱི་བྱ་བ་བརྒྱུད་དེ། འཕྲེད་ཕྱོགས་མཉམ་ལས་ཀྱི་འགོག་བཅོས་ཆུ་ཚད་མཐོར་འདེགས་སུ་བཏང་། དུས་མཚུངས་སུ། ཉེན་ཁ་བཅོས་སྐྱོང་གཏིང་ཟབ་བྱས་པ་དང་། སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་གློག་འདྲེན་སྐུད་ལམ་གྱི་མེ་སྐྱོན་ཉེན་ཁར་གྲལ་བཤེར་བཅོས་སྐྱོང་བྱེད་པའི་ཆེད་དོན་ལྟ་ཞིབ་བྱ་བ་སྤེལ་ལ། རིམ་པ་སོ་སོའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཉེན་ཁ་གྲལ་བཤེར་དང་བཅོས་སྐྱོང་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། གཙོ་བོར་སྐུད་ལམ་བགྲོད་ལམ་ནང་གི་འབར་སླ་བའི་དངོས་པོ་དང་གློག་སྡེབ་སྒྲིག་ཆས་སོགས་ཀྱི་ཉེན་ཁར་ཞིབ་བཤེར་བྱས་པ་དང་། ཉེན་ཁ་རིགས་གཅིག་ལ་ཡིག་ཚགས་གཅིག་འཛུགས་པ་གཞིར་བཟུང་ནས་རེ་རེ་བཞིན་ཉེན་ཁ་བཅོས་སྐྱོང་གི་ཇུས་གཞི་གཏན་འབེབས་བྱས།

རིན་ཆེན་མཚོས་བསྒྱུར།