ཟླ12པའི་ཚེས19ཉིན། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་གསར་འགྱུར་ཁྱབ་སྤེལ་བྱས་པ་ལྟར་ན། ལྗང་མདོག་དངུལ་རྩའི་ལས་དོན་ཡག་པོར་སྒྲུབ་ཆེད་དང་མཚོ་སྔོན་ལྗང་མདོག་ཐཱན་ཉུང་དཔལ་འབྱོར་ལ་ཞབས་ཞུ་ཡག་པོར་སྒྲུབ་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་ནོར་སྲིད་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་སྐྱེ་ཁམས་དང་ཁོར་ཡུག་ཐིན་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་དུ་དངུལ་རྩར་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་། དངུལ་རྩའི་བྱེད་ཐབས15བཏོན་པ། དངུལ་རྩའི་ལས་ཁུངས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུར་སྣེ་ཁྲིད་བྱེད་པ། ལོ་ལྔ་ཡི་དུས་ཚོད་སྤྱད་དེ། ཞིང་ཆེན་ཧྲིལ་བོའི་ཁྱབ་ཁོངས་ནས་རིམ་བཞིན་རིམ་པ་མང་ཞིང་ཁྱབ་རྒྱ་ཆེ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྗང་མདོག་ཐཱན་ཉུང་དངུལ་རྩའི་ཞབས་ཞུ་མ་ལག་གྲུབ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་ས་ཁུལ་བཞི་འཛུགས་སྐྲུན་བྱེད་དགོས།
ལག་བསྟར་ཇུས་གཞིའི་ནང་བསྟན་དོན། གནད་ཆེའི་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་རྩིས་ནུས་ཆེ་རུ་གཏོང་བ་དང་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་འགན་ལེན་བྱེད་པ། ཡིད་རྟོན་དངུལ་བུན་ཐོན་ཁུངས་ལྗང་མདོག་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ཁྲོད་ཆག་རྒྱུར་སྐུལ་འདེད་གཏོང་དགོས་པ་དང། ལྗང་མདོག་དངུལ་རྩའི་ཐོན་ལས་ཞབས་ཞུ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ལྗང་མདོག་མཁོ་སྤྲོད་ཕྲེང་འབྲེལ་གྱི་དངུལ་རྩའི་ཞབས་ཞུ་སྤེལ་ནས། ལྗང་མདོག་དངུལ་རྩའི་མ་དངུལ་མངའ་ཁོངས་བརྒལ་ཏེ་འཁོར་རྒྱུག་དང་ཕྱོགས་བསྡུས་ལ་རྒྱབ་སྐྱོར་བྱེད་པ་དང། ཐཱན་རྩིས་མཐོའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏིང་དགོས། ས་ཁོངས་ཀྱི་ཐཱན་ཡོངས་ཁྱབ་ལས་སྟེགས་འཚོལ་ཞིབ་བྱས་ནས་འཛུགས་པ་དང་།དངུལ་རྩའི་སྒྲིག་གཞིས་ཐཱན་གྱི་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་དངུལ་རྩའི་ཐོན་རྗས་གསར་སྤེལ་ལ་བསྔགས་སྐུལ་བྱེད་པ། ཕྱོགས་སྒྱུར་དངུལ་རྩ་དང་ལྗང་མདོག་དངུལ་རྩ་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སྤོ་སྒྱུར་དངུལ་རྩའི་རྣམ་གྲངས་མཛོད་འཛུགས་པ་དང་། སྤོ་སྒྱུར་དངུལ་རྩའི་ཐོན་རྫས་གསར་སྤེལ་བྱས་ཏེ། འབུད་སྐྱུར་ཆེ་བའི་ལས་རིགས་དང་ལས་གཞི་ལྗང་མདོག་ཐཱན་ཉུང་གིས་སྤོ་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
ལག་བསྟར་ཇུས་གཞིའི་ནང་གསལ་བོར་བསྟན་དོན། ཤུགས་ཆེན་པོའི་ལྗང་མདོག་ཉེན་འགོག་འཕེལ་རྒྱས་དང་། མཐོ་སྒང་གི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་འཚམ་པའི་ཁྱད་ལྡན་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་ཁེ་ལས་གསར་སྤེལ་བྱེད་ཚད་ཆེ་རུ་གཏོང་བ། ཆ་རྐྱེན་དང་མཐུན་པའི་སྒྲིག་གཞིས་ལྗང་མདོག་བུ་ལོན་གྱི་མ་དངུལ་བསྡུ་སྒྲིལ་ཡོ་བྱད་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཡིད་རྟོན་མངགས་བཅོལ་ཐེབས་རྩ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་དང་། དངུལ་རྩས་སྒྲིག་གཞིའི་ཐཱན་ཞིབ་རྩིས་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་བ་དང་། ཁོར་ཡུག་དང་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ། དྲོད་ཁང་རླངས་གཟུགས་གཙོ་གནད་ཕྱིད་འབུད་ཚན་པའི་ཐཱན་ཕྱིར་འབུད་རྩིས་བཤེར་ལ་ཤུགས་སྣོན་རྒྱག་པ། གྲངས་གཞི་དང་སྤུས་ཚད་ཞིབ་བཤེར་ལ་དོ་དམ་བྱེད་པ། དྲོད་ཁང་རླང་གཟུགས་ཀྱི་རང་མོས་བཙོག་འབུད་ཉུང་གཏོང་གི་ཉོ་འཚོང་ཞིབ་བཤེར་བྱེད་པ། ལྗང་མདོག་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གནམ་གཤིས་འགྱུར་ལྡོག་གི་ཉན་ཁར་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། ལྗང་མདོག་དངུལ་རྩའི་ས་ཁོངས་སྒྱུར་བཅོས་ཟབ་སྤེལ་དང་། ཞིང་ཆེན་རིམ་པའི་ལྗང་མདོག་དངུལ་རྩའི་གསར་གཏོད་ཚོད་ལྟ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལྗང་མདོག་དངུལ་རྩའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དངུལ་རྩའི་སྒྲིག་གཞིའི་རྒྱུད་གཅིག་ལམ་གཅིག་གི་ལྗང་མདོག་ཐཱན་ཉུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་བཅས་བྱེད་དགོས།
ཏིང་འཛིན་མཚོ་མོས་བསྒྱུར།