ཁྲི་ཀ་རྫོང2024ལོའི་རྒྱལ་ཡོངས་སྤྲོ་གསེང་ཞིང་ལས་ཀྱི་གཙོ་གནད་རྫོང་གི་མིང་ཐོའི་ཁྲོད་ཚུད།
2024.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཡིས2024ལོའི་རྫོང་དང་གྲོང་ཁྱེར། ཆུའུ་དྲུག་ཅུའི་རྒྱལ་ཡོངས་སྤྲོ་གསེང་ཞིང་ལས་གཙོ་གནད་རྫོང་གི་མིང་ཐོ་བསྒྲགས་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དེའི་ཁྲོད་ཚུད།

ད་ལོར། ཁྲི་ཀ་རྫོང་གིས་དགེ་མཚན་ཐོན་ཁུངས་ལ་རྒྱབ་རྟེན་པ་དང་། ཞིང་ལས་ཀྱི་སྤུས་འབྲས་མཐོ་བ་དང་གྲོང་གསེབ་འཚོ་སྡོད་ལས་གཉེར་བྱེད་འཚམ་པ། ཞིང་བ་འབྱོར་ཕྱུག་ལྡན་པའི་དམིགས་འབེན་ལ་དམ་དུ་དམིགས་ནས། ཞིང་ལས་ཀྱིས་ཡུལ་སྐོར་དར་སྤེལ་གཏོང་བ་དང་ལུས་རྩལ་གྱིས་ཞིང་ལས་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་གྱིས་ཞིང་ལས་འཕེལ་རྒྱས་གཏོང་བ། ཚོང་ལས་ཀྱིས་ཞིང་བར་སྣེ་ཁྲིད་བྱེད་པ།  ཐོན་ལས་མཉམ་བསྲེས་བྱེད་པའི་ཞིས་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ། ཞིང་ལས་ལྗོངས་རྒྱུ་དང་ཞིང་དོན་ཉམས་ལེན། སྤྲོ་གསེང་རྩེད་འཇོ། ཞིང་སྡེའི་སྡོད་ས་སོགས་རྩོལ་ནུས་མང་པོ་གཞི་གཅིག་ཏུ་འདུ་བའི་སྤྲོ་གསེང་ཞིང་ལས་གསར་སྐྲུན་བྱས་པ་དང་། ཐོན་ལས་དང་ལྗོངས་རྒྱུ་ཁུལ། སྡེ་བ་བཅས་མཉམ་འབྲེལ་བྱས་པ་དང་ཞིང་ལས་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད།

ཁྲི་ཀ་རྫོང་གི་ཁོངས་ཡོངས་ཡུལ་སྐོར་འཆར་གཞི་ལྟར། གྲོང་གསེབ་ཀྱི་འཚོ་བར་ཉམས་ལེན་བྱེད་པ་དང་ཞིང་ལས་མཛེས་ལྗོངས་ལ་ལྟ་སྐོར་བྱེད་པ་སོགས་ནང་དོན་དུ་བྱས་པ་དང་། ཟབ་ཞུགས་རང་བཞིན་དང་རྩེད་འཇོ་རང་བཞིན། ཉམས་ལེན་རང་བཞིན་གཞི་གཅིག་ཏུ་འདུ་བའི་གྲོང་གསེབ་ཡུལ་སྐོར་ལས་གཞིར་ཇུས་འགོད་བྱས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས། རྫོང་ཡོངས་ཀྱིས་ལོ་རྒྱུས་དང་སོ་ནམ་རིག་གནས་སོགས་ཀྱི་རིག་གནས་ནང་དོན་སྔོག་འདོན་ཟབ་མོ་བྱས་པ་དང་། རྨ་ཆུའི་རིག་གནས་ཀྱི་ནང་དོན་ཞིབ་ཆ་རྒྱུན་འཛིན་དར་སྤེལ་བྱས་ལ། སྒོ་མེ་ལ་མིང་དུ་གྲགས་པའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་པ་དང་། རྫོང་ཁོངས་ནང་གི་ལྗོངས་རྒྱུ་ཁུལ་སོ་སོ་ཕྲེང་སྦྲེལ་བྱས་ནས། སྤུས་ལེགས་ཡུལ་སྐོར་ལམ་ཐིག་བཅོ་ལྔ་བསྐྲུན། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁང་བརྒྱ་ཁྲི་ཀར་སོང་ནས་ཡུལ་སྐོར་ལམ་ཐིག་ལ་རྒྱུས་ལོན་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། ཁྱད་ཆོས་མངོན་པར་གསལ་ཞིང་ཤན་ཤུགས་ཆེ་བའི་ཡུལ་སྐོར་བྱ་འགུལ་གྱི་ཚོང་རྟགས་གསར་སྐྲུན་བྱས་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་སྔར་ལས་མང་པོས་ཡུལ་སྐོར་ཐད་ཀྱི་ཁེ་སྤོགས་རེག་ཐུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།