ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྨན་བཟོའི་ཐོན་ལས་ཁག་ཅིག་འཕེལ་རྒྱས་ཐད་ཀྱི་ལག་རྩལ་དཀའ་གནད་སེལ་བར་ཁ་གཏད་དེ། ཞིང་ཆེན་དང་ཁུལ་གྱི་སྡེ་ཁག་མཉམ་སྒུལ་ཤུགས་དྲག་ཏུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་མཉམ་འབྲེལ་སྒོས་ལོ་ཧྲིལ་བོའི་ཆེད་དོན་རྟོག་ཞིབ་སྤེལ་ནས། ས་ཞིང་བ་ཚྭ་ཅན་ལེགས་སྒྱུར་དང་འཕང་འབྲས་ཀྱི་རྩ་བ་རུལ་བ། འཕང་འབྲས་བཏོག་ཆས་ཞིབ་འཇུག་གསར་བཟོ་བྱེད་པ་སོགས་སྨན་བཟོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྣམ་གྲངས་ཀྱི་དགོས་མཁོ36སྔོན་འདོན་ཟབ་མོ་བྱས་ཏེ། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་ལེགས་སྒྱུར་དང་། འཕང་འབྲས་ཀྱི་རྩ་བ་རུལ་བ་འགོག་བཅོས་བྱེད་པའི་ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས་གལ་ཆེན་གཉིས་ལག་བསྟར་བྱས། མིག་སྔའི་བར་དུ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་རྣམ་གྲངས་ཀྱི་ལས་གཞི19དང་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་གཅིག་འབུམ་བཞི་ཁྲི་གསུམ་གྱི་ཆོག་མཆན་བཀོད། ཁེ་ལས་གཙོ་བོར་བཅར་འདྲིར་བསྐྱོད་དེ་གནད་འགག་ལག་རྩལ་གྱི་དགོས་མཁོ72ཤེས་རྟོགས་བྱུང་ཞིང་། ཁུལ་རིམ་པའི་ཚན་རྩལ་འཆར་འགོད་རྣམ་གྲངས13ཐད་མ་དངུལ་སྒོ་ས་ཡ་གཉིས་འབུམ་བརྒྱད་ཁྲི་དྲུག་བཏང་བ་དང་། ནུས་ལྡན་སྣེ་ཁྲིད་ཀྱིས་ཁེ་ལས་ཐད་མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་གསུམ་འབུམ་བཞི་ཁྲི་གསུམ་དང་སྟོང་གཉིས་བཞི་བརྒྱ་བཏང་ཡོད།
མཚོ་ནུབ་ཁུལ་གྱིས་ཚན་རྩལ་གསར་གཏོད་དེ་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་སྒུལ་ཤུགས་ཤིག་ཏུ་བརྩིས་ཏེ། ཚན་རྩལ་གསར་གཏོད་སྟེགས་བུ་གསོ་སྐྱོང་དང་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གཞན་སྒྱུར་ཇེ་མགྱོགས་སུ་གཏོང་བ་གཙོར་འཛིན་པ། ཚན་རྩལ་སྲིད་ཇུས་དྲིལ་སྒྲོག་རྒྱ་ཁྱབ་བྱེད་པ་དང་གཅིག་གཏད་གཅིག་རྣམ་པའི་བཅར་འདྲིའི་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། རྒྱུན་རྣམ་ཅན་གྱི་ཁེ་ལས་ལ་བཅར་འདྲི་རྟོག་ཞིབ་བྱེད་པའི་བྱ་བའི་རྐྱེན་སྲོལ་དངོས་འབེབས་བྱས་ཤིང་། བསྡོམས་པས་ཁེ་ལས་ལ་བཅར་འདྲི་དང་ཞབས་ཞུ་ཐེངས་ཉི་ཤུ་ལྷག་དང་ཚན་རྩལ་སྲིད་ཇུས་འགྲེལ་ཀློག་ཚོགས་འདུ་ཐེངས5སྤེལ་ནས། ནུས་པ་ལྡན་ལ་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་བའི་ཁེ་ལས40གདམས་པ་དང་། གསར་གྲས་གསུམ་གྱི་ཁེ་ལས་ཕྱོགས་སུ་ཚུལ་སྒྱུར་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས།
དུས་མཉམ་དུ། ཚན་རྩལ་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་དང་། མཉམ་བསྐྲུན་བར་སྟོང་དང་ཚན་རྩལ་ཁེ་ལས་གསོ་སྤེལ་ཆས་དཔྱད་ཞིབ་དང་སྐུལ་སློང་མ་ལག་འཐུས་ཚང་དུ་བཏང་ལ། གྲངས་ཚད་དང་ངོ་བོའི་དཔྱད་འཇོག་དམིགས་ཚད་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཤིང་། ཞབས་ཞུའི་ནུས་པ་དང་གསོ་སྤེལ་དཔུང་ཁག་གི་རྨང་གཞིའི་ཆ་རྐྱེན། ཚན་རྩལ་རིགས་ཀྱི་ཁེ་ལས་གསོ་སྐྱོང་། འཚར་ལོངས་རང་བཞིན་གྱི་ལས་སྤེལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། སྤྱི་ཚོགས་ཕན་ནུས་བསྐྱེད་པ་སོགས་ཀྱི་ཐད་ནས་ཕྱོགས་ཡོངས་ཀྱི་གྲུབ་འབྲས་དཔྱད་འཇོག་བྱ་བ་སྤེལ་ཞིང་། གསོ་སྤེལ་འདེགས་གཞིའི་གསོ་སྤེལ་གྲུབ་འབྲས་ལ་ཕྱོགས་བསྡུས་རྟོག་ཞིབ་བྱས་ནས། གསོ་སྤེལ་འདེགས་གཞི་བཅུ་ཡི་གྲུབ་འབྲས་དཔྱད་འཇོག་བྱ་བ་ལེགས་འགྲུབ་བྱས། གསོ་སྤེལ་འདེགས་གཞིར་སྣེ་ཁྲིད་དེ་གསོ་སྤེལ་སྤུས་ཚད་ཇེ་མཐོར་བཏང་བ་དང་། གྲུབ་འབྲས་དཔྱད་འཇོག་ལས་ཕུལ་བྱུང་དང་གཟེངས་སུ་ཐོན་པའི་གསོ་སྤེལ་འདེགས་གཞི་དྲུག་ལ་སྐུལ་སློང་རོགས་དངུལ་སྒོར་འབུམ་གཉིས་དང་ཁྲི་བཞི་བྱིན་ལ། དཔྱད་འཇོག་རྣམ་པས་ལས་སྤེལ་ལ་སྐུལ་བ་དང་། དཔྱད་འཇོག་རྣམ་པས་ལེགས་བཅོས་ལ་སྐུལ་བ། དཔྱད་འཇོག་རྣམ་པས་དོ་དམ་ལ་སྐུལ་བ། དཔྱད་འཇོག་རྣམ་པས་སྟོབས་ཆེར་སྐུལ་བའི་དཔྱད་འཇོག་བྱ་བའི་རྣམ་པ་གསར་བ་ཞིག་གྲུབ་པར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།