གསར་འགོད་པས་ཉེ་ཆར་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ་ཞེས་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་རྒྱུན་རྣམ་ཅན་གྱིས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་བྱས་པ་དང་རྐྱེན་སྲོལ་ལ་བརྟེན་ནས། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་ལུགས་ཞབས་ཞུའི་དགོས་མཁོར་གནད་འཁེལ་སྦྲེལ་མཐུད་བྱས་ཤིང་། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་རྩོད་པའི་ཞབས་ཞུའི་ཚོགས་པ་བརྒྱད་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་ལས་དོན་ཁང88དང་ཚོང་ཚོགས119ཡིས་འབྲེལ་གཏུག་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ལ། དམངས་གཉེར་ཁེ་ལས་ལ་རོགས་བྱས་ནས་ཐོན་སྐྱེད་དང་ཚོང་གཉེར། དོ་དམ་བཅས་ཀྱི་ཁྲིམས་ལུགས་གནད་དོན་རིགས་མི་འདྲ་བ་མང་པོ་ཐག་གཅོད་བྱས་པ་དང་། ཁེ་ལས350ཡི་ཁྲིམས་ལུགས་ཉེན་ཁའི་གནས9232འདེམས་བཤེར་བྱས་ནས། དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུས་ཏེ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་རོགས་ཤུགས་བཏོན།
ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས2024ལོའི་མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་ཁྲིམས་རྩོད་པའི་ཞབས་ཞུའི་ཚོགས་པའི་བྱ་བའི་ཇུས་གཞི་འགྲེམ་སྤེལ་བྱས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་ཁྲིད་སྟོན་འོག ཁྲིམས་རྩོད་པས་ཁེ་ལས་ལ་སྲིད་ཇུས་སྒྲོག་འགྲེལ་འགྲེལ་བཤད་བྱས་པ་དང་། དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཤིང་། ཁེ་ལས་དང་ལྷག་པར་དུ་ཁེ་ལས་པ་དང་ཁེ་ལས་དོ་དམ་རིམ་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་སྐུལ་སྤེལ་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས་སོགས་ཁེ་ལས་འཕེལ་རྒྱས་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་རིགས་སྣ་ཚོགས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱས་པ་བརྒྱུད། ཁེ་ལས་ཀྱིས་ཁྲིམས་མཐུན་ཚོང་གཉེར་དང་དོ་དམ་འདུ་ཤེས་ཇེ་དྲག་ཏུ་བཏང་། ཁེ་ལས་ཀྱི་བཅོས་སྐྱོང་སྒྲིག་གཞི་དང་ནང་ཁུལ་དོ་དམ་ཕྱོགས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱས་པ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཐོ་འགོད་དང་གཙོ་གཉེར་ཐོབ་ཐང་གནས་ཚུལ་ལ་གཙོ་གནད་དབྱེ་ཞིབ་བྱས་ཤིང་། ཁེ་ལས་ཀྱི་མི་ཤུགས་ཐོན་ཁུངས་དོ་དམ་དང་ནོར་སྲིད་དོ་དམ། ཁྲལ་དོན་དོ་དམ། རྩིས་བཤེར་དོ་དམ་སོགས་ཕྱོགས་ཀྱི་གནས་ཚུལ་ལ་དམིགས་ནས། གནད་དོན་འཚོལ་བ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ། མི་འདང་སར་ཁ་གསབ་བཅས་བྱེད་པར་རོགས་རམ་བྱས།
ལྷ་མོ་འཚོས་བསྒྱུར།