མགོ་ལོག་དང་ཟི་ལིང་གི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཉམ་ལས་མཉམ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས། 
2024.12.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  སྟོབས་ཤུགས་གཅིག་སྡུད་སྒོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་སྐུལ་འདེད་གཏོང་བ། དཀྱིལ་སྙིང་གཅིག་གི་ཞབས་ཞུའི་འགན་སྲུང་དང་འཁོར་རིམ་གཅིག་གི་སྣ་མང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་ཆེད། ཟླ12པའི་ཚེས30ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཉམ་ལས་མཉམ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས། མགོ་ལོག་ཁུལ་དང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། མགོ་ལོག་ཁུལ་དང་ཟི་ལིང་གྲོང་ཁྱེར་སོ་སོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་བྱ་བའི་འཕེལ་རིམ་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཕྱོགས་གཉིས་ཀྱིས་མཉམ་ལས་མཉམ་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་འབྲེལ་འདྲིས་བརྗེ་རེས་ཟབ་མོ་བྱེད་པར་དམིགས་ནས། གཙོ་བོ་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁྱེར་གྱི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱེད་ལ། ཕྱོགས་གཉིས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤར་ནུབ་རྒྱུད་མཉམ་ལས་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱས་ཏེ། ས་ཁུལ་གཉིས་ཀྱི་རིག་གནས་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་བརྗེ་རེས་བགྲོ་གླེང་བྱས་པ་དང་། འཕེལ་རྒྱས་ཀྱི་གྲོས་གཞི་དང་མཉམ་ལས་ཀྱི་འདོད་བློ་བཏོན་ཞིང་། མགོ་ལོག་ཁུལ་དང་ཟི་ལིང་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་མཉམ་ལས་མཉམ་སྐྲུན་གྱི་གྲོས་གཞིར་མཉམ་དུ་མིང་རྟགས་བཀོད་ནས། ས་ཁུལ་གཉིས་ཀྱི་རྗེས་ཕྱོགས་ཀྱི་རིག་གནས་ཡུལ་སྐོར་གྱི་མཉམ་ལས་མཉམ་སྐྲུན་ཐད་རྨང་གཞི་ལེགས་པོ་བཏིངས།

ཐེངས་འདིར་བཞུགས་མོལ་ཚོགས་འདུ་བདེ་བླག་ངང་བསྡུས་པ་དེས་མགོ་ལོག་དང་ཟི་ལིང་ས་ཁུལ་གཉིས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་བཏང་ཞིང་། ས་ཁུལ་གཉིས་ཀྱི་རིག་གནས་ཡུལ་སྐོར་མཉམ་ལས་ཟབ་སྤེལ་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་སྟེ། སྒུལ་ཤུགས་དྲག་པོ་བསྣན་ཡོད། གོ་རིམ་རྗེས་མར། ཕྱོགས་གཉིས་ཀྱིས་ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། རིག་གནས་ཡུལ་སྐོར་ལས་གཞི་གསར་སྤེལ་དང་། རིག་གནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། འགྲུལ་བའི་ཡོང་ཁུངས་ཁྲོམ་ར་རྒྱ་བསྐྱེད་པ། ཚོང་རྟགས་དྲིལ་སྒྲོག་ཁྱབ་གདལ་བཅས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ་དང་། ས་ཁུལ་གཉིས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གཙོ་བོ་དག་སྒྲིག་བྱེད་པ། མཉམ་འབྲེལ་སྒོས་ཁྱད་ལྡན་ཚོང་རྟགས་འགྲན་སྡུར་བཀོད་སྒྲིག་བྱེད་པ། གཟུགས་འདས་རིག་གནས་ཤུལ་བཞག་དང་ཡུལ་སྐོར། ལུས་རྩལ་དང་ཡུལ་སྐོར་བཅས་ཀྱི་གསབ་རེས་ལས་རྣམ་བསྐྲུན་པ། ཟི་ལིང་དང་མགོ་ལོག་གི་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་བསྐྲུན་པ། མཚོ་སྔོན་གྱི་སྤུས་ལེགས་ལམ་ཐིག་དང་ཐོན་རྫས་ཀྱི་ནང་སྙིང་ཕུན་སུམ་ཚོགས་པར་གཏོང་བ། ཁུལ་ཁོངས་ཀྱི་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་འདོན་སྤྲོད་མ་ལག་མཉམ་སྐྲུན་བྱེད་པ་དང་། དཀྱིལ་སྙིང་གཅིག་དང་འཁོར་རིམ་གཅིག་སྣ་མང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་བསྐྲུན་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ལྷ་མོ་འཚོས་བསྒྱུར།