2024ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཡང་དག་འགོ་ཁྲིད་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཞིབ་མོའི་འོག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་ཀྱི་བཀོད་སྒྲིག་རེ་བ་ལྟར། རྩ་འཛུགས་མ་ལག་གི་ནུས་པ་མཐོར་འདེགས་ལོའི་འགུལ་སྐྱོད་སྣེ་ཁྲིད་དུ་བྱས་པ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ལ། ཕུལ་བྱུང་འཇོན་མི་སྐྱེད་སྲིང་བྱས་པ་དང་། གཞི་རིམ་གྱི་རྨང་གཞི་བྱ་བ་བཟང་བོར་བསྒྲུབ་ནས། རྫ་སྟོད་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
བརྗོད་དོན་སློབ་སྦྱོང་སློབ་གསོ་ཐད་ནས་རྣམ་པ་གསར་བ་མངོན། རྫོང་ཡོངས་ཀྱི་ཏང་རྩ་འཛུགས་བརྒྱ་དང་བཅོ་ལྔས་གཅིག་བསྡུས་སློབ་སྦྱོང་ཐེངས་སྟོང་གཅིག་དང་ཉིས་བརྒྱ་ང་དྲུག་སྤེལ་བ་དང་། གཞུང་ལུགས་སྒྲོག་འགྲེལ་སྟོང་ལྷག་སྤེལ་ལ། བྱ་བའི་རྐྱེན་སྲོལ་གསུམ་གཏན་འབེབས་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་དེ་ཞིབ་སྡུར་བྱེད་པ་དང་བསམ་ཚུལ་བཤད་པ་དང་། ཏང་ཡོན་ཡོངས་ཀྱིས་རྣམ་འགྱུར་སྟོན་པ་དང་དབྱེ་མཚམས་གསལ་འབྱེད་བྱེད་པ་དང་། སྒྲིག་ལམ་སློབ་སྦྱོང་དང་སྒྲིག་ལམ་ཤེས་བ། སྒྲིག་ལམ་གསལ་བ། སྒྲིག་ལམ་བརྩི་སྲུང་བྱེད་པར་སྣེ་ཁྲིད་བྱས།
འབྲོག་དམངས་ཏང་ཡོན་གྱི་ནུས་པ་མཐོར་འདེགས་བྱུང་། སྤུས་ཚད་མཐོ་བའི་སྒོ་ནས་འབྲོག་དམངས་ཏང་ཡོན་གྱི་དགུན་དཔྱིད་དུས་ཀྱི་གསོ་སྦྱོང་བྱ་བ་ཡོངས་འགྲུབ་བྱས་པ་དང་། རིམ་པ་སོ་སོ་དང་རིགས་མི་འདྲ་བའི་གསོ་སྦྱོང་བསྡོམས་པས་ཐེངས་ཉེར་བདུན་སྤེལ་བ་དང་། མི་སྟོང་གསུམ་དང་དགུ་བརྒྱ་དོན་བརྒྱད་ལ་གསོ་སྦྱོང་བྱས་ལ། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་སེལ་བྱེད་པའི་ནུས་པ་དང་འཇོན་ཐང་རྒྱུན་མ་ཆད་པར་ཇེ་མཐོར་སོང་།
ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས། ཁི་རིམ་པའི་ལས་བྱེད་པ་རེ་ལྔ་ལེགས་སྒྲིག་བྱས་པ་དང་། ལས་བྱེད་པ་བཅུ་བདུན་གྱི་གོ་གནས་འཕར། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་འདེམ་བསྐོ་སྔོན་གྱི་ངོ་སྤྲོད་བྱ་བ་སྤེལ་ནས། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གི་དོ་དམ་དཔྱད་ཞིབ་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་པའི་ཁག་ཁུར་ལས་སྒྲུབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ལ། ཟླ་ཕོགས་ཕོགས་སྣོན་ཁ་གསབ་ཀྱི་མཆན་འགོད་གཟབ་ནན་དུ་བཏང་ནས། ཟླ་ཕོགས་ཕོགས་སྣོན་ཁ་གསབ་ཀྱི་གཙང་སེལ་བྱ་བ་ནན་ཏན་སྒོས་སྤེལ།
ཁྱབ་ཁོངས་སོ་སོའི་ཏང་གི་འཛུགས་སྐྲུན་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱས།
ཤེས་ལྡན་མི་སྣའི་རྫོང་སྟོབས་ལྡན་གྱི་འཐབ་ཇུས་ཐད་ནས་སྐྱོད་ལམ་གསར་བར་ཞུགས། མི་གཅིག་ཞིང་ཆེན་ཡོངས་ཀྱི་ནུབ་རྒྱུད་ཀྱི་འོད་ཟེར་གྱི་འཚམས་འདྲི་རིག་གནས་པར་བདམས་པ་དང་། བློ་གྲོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བསྡུས་ནས། མཚོ་སྔོན་གསར་བར་རོགས་ཤུགས་འདོན་པའི་ལས་གཞི་གསུམ་ཡིག་ཐོག་སྙན་ཞུ་བྱས་ལ། མི་གསུམ་གྱིས་ཁུ་ནུའི་འཇོན་མི། མཐོ་རིམ་གསར་གཏོད་ལས་ཞུགས་འཇོན་མིའི་ལས་གཞི་ལ་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། སྟོབས་ཤུགས་ཡོད་རྒུས་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་འཇོན་མིའི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། ཆེད་མཁས་པའི་དཔུང་སྡེ་ཡིས་སེམས་བདེ་མོས་འཕེལ་རྒྱས་ཐད་རམ་འདེགས་བྱེད་པར་ཁག་ཐེག་བྱས།
རྩ་འཛུགས་བྱ་བའི་སྒོ་བྱང་ཐད་ནས་ཁྱད་ཆོས་གསར་བ་མངོན། རྩ་འཛུགས་མ་ལག་གི་ནུས་པ་མཐོར་འདེགས་ལོའི་འགུལ་སྐྱོད་གོ་སྐབས་སུ་བརྩིས་པ་དང་། ལས་སྒོས་ནུས་འདོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ལ། རྫོང་ནང་ཁུལ་གྱི་ལས་གནས་རེས་འཁོར་དང་སློབ་སྦྱོང་གསོ་སྦྱོང་། རྗེས་འདེད་སློབ་སྦྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་བ་དང་། རྩ་འཛུགས་བྱ་བའི་འཆད་ཁྲིད་སྐབས་བཞི་དང་ལག་ལེན་སློབ་ཁྲིད་ཐེངས་བཅུ་གཉིས། དྲ་ཐོག་སློབ་ཁྲིད་སྐབས་བཅུ་བདུན། ལས་རྐང་སློབ་ཁྲིད་སྐབས་གསུམ་བཅས་བསྡུས་ནས། ཚད་གཞི་མཐོ་བའི་དཔེ་སྟོན་སྡེ་ཁག་གིས་རྫ་སྟོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རུ་བཅུག
རིན་ཆེན་མཚོས་བསྒྱུར།