ཟླ1ཚེས10ཉིན། གསར་འགོད་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་འཛུགས་དང་ལས་སྒོ་མཉམ་བསྲེས་ཀྱི་གསར་གཏོད་མ་དཔེ་དང་བྱེད་ཐབས་འཚོལ་ཞིབ་བྱེད་ཆེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སེམས་ཞིབ་མོས་ཇུས་འགོད་བྱས་པ་དང་མཉམ་དུ་སྐུལ་འདེད་བཏང་བ་དང་། ཀྲི་པུའུ་ཡི་ཏང་འཛུགས་མཚོན་རྟགས་རྐང་འཛུགས་ས་རུ་བྱས་ཏེ། ཀྲི་པུའུ་གཅིག་ལ་ཚོང་རྟགས་གཅིག་གི་འཛུགས་སྐྲུན་བྱ་བ་སྤེལ་ནས། གོ་དོན་ཡོད་པ་དང་ཁྱད་ཆོས་ལྡན་པ། རྒྱུ་སྤུས་བཟང་བའི་ཀྲི་པུའུ་ཡི་ཏང་འཛུགས་མཚོན་རྟགས་གསར་སྐྲུན་བྱེད་པའི་ཐད་ཤུགས་བཏོན་པས། མིག་སྔར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྟོབས་ལྟན་བཞིའི་ཏང་ཀྲི་པུའུ་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱས་པ་དང་། ཆབ་སྲིད་རྩོལ་ནུས་ཇེ་དྲག་ཏུ་གཏོང་བ་དང་ཀྲི་པུའུ་ཚན་ཁག་འཛུགས་སྐྲུན་བྱེད་པ། ཏང་ཡོན་དཔུང་སྡེ་སྐྱེད་སྲིང་བྱེད་པ། ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཕྱོགས་བཞིའི་ཐད་ཤུགས་བཏོན། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་སྣ་ཚོགས་ལག་བསྟར་ནན་མོ་བྱས་པ་དང་ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་དང་བརྗོད་དོན་ཏང་གི་ཉིན་མོའི་སྤུས་ཚད་ཇེ་མཐོར་གཏོང་བའི་ཞོར་དུ། ཏང་ཀྲི་པུའུ་སོ་སོས་དུས་རབས་གསར་བའི་ལས་ཁུངས་ཀྱི་ཏང་འཛུགས་རེ་བ་ལྟར། ལས་སྒོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བསམ་གཞིགས་གཏོང་བ་དང་ཇུས་འགོད་བྱེད་པ་དང་། བྱ་བའི་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་ཏང་འཛུགས་ཀྱི་ཕྱོགས་ཡོངས་སྟོབས་ལྡན་གྱི་རེ་བ་མངོན་པར་བྱེད་པ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་སྐུལ་འདེད་བཏང་།
ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས། མུ་མཐུད་དུ་ཏང་འཛུགས་མཚོན་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དུས་རབས་གསར་བའི་ཏང་འཛུགས་བྱ་བའི་གོ་དོན་རེ་བ་ལྟར། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་རྩ་འཛུགས་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཕྱོགས་ལ་མུ་མཐུད་དུ་ཤུགས་འདོན་པ་དང་། གྲུབ་འབྲས་བསྒྱུར་བ་དང་སྤུས་ཚད་མཐོར་འདེགས་བྱེད་རྒྱུ་དམ་འཛིན་བྱེད་པ། ཀྲི་པུའུ་ཡི་ཏང་འཛུགས་མཚོན་རྟགས་འཛུགས་སྐྲུན་གྱི་ཕན་ཡོད་ཐབས་ལམ་དང་འདྲེན་བྱེད། བྱེད་ཐབས་གསར་གཏོད་བྱེད་པ་མ་ཟད་འཐུས་ཚང་དུ་གཏོང་བ། འཛུགས་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་ཆེར་སྐྱེད་པ། ཏང་འཛུགས་དང་ལས་སྒོ་མཉམ་བསྲེས་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲི་པུའུ་གཅིག་ལ་མཚོན་རྟགས་གཅིག་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་གཏོང་བ། དཔེ་མཚོན་དཔེ་སྟོན་གྱིས་སྤྱིའི་མཐོར་འདེགས་ལ་སྣེ་ཁྲིད་བྱེད་པ་བཅས་བྱས་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།