དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས2025ལོའི་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ལས་འགན་དྲུག་ཁ་གསལ་བཟོས།
2025.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

དངུལ་རྩའི་ལྟ་སྐུལ་དོ་དམ་ནི་དངུལ་རྩའི་མ་ལག་བརྟན་པོའི་ངང་འཁོར་སྐྱོད་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན། 2025ལོར་དངུལ་རྩའི་ལྟ་སྐུལ་དོ་དམ་ལས་དོན་ཇི་ལྟར་སྒྲུབ་དགོས་མིན་གྱི་ཐད་ནས་ཚེས12ཉིན་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས2025ལོའི་ལྟ་སྐུལ་དོ་དམ་ལས་དོན་ཚོགས་འདུ་འཚོགས་པ་དང་། ཚོགས་ཐོག་ནས་དངུལ་རྩའི་སྒྲིག་གཞི་ཆུང་འབྲིང་གི་བཅོས་སྒྱུར་དང་ཉེན་འགོག་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ་སོགས་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ལས་འགན་དྲུག་ཁ་གསལ་བཟོས།

གཅིག་ནས་དངུལ་རྩའི་སྒྲིག་གཞི་ཆུང་འབྲིང་བཅོས་སྒྱུར་བྱས་ནས་ཉེན་འགོག་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་དགོས། གཉིས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ནུས་ལྡན་ངང་སྤེལ་དགོས། གསུམ་ནས་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་པ་མཐོར་འདེགས་ནན་མོ་གཏོང་དགོས། བཞི་ནས་གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་ལྟ་སྐུལ་དོ་དམ་གྱི་སྤུས་ཚད་དང་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལྔ་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཁོར་སྐྱོད་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དྲུག་ནས་ཚད་གཞི་སྔར་ལས་མཐོ་བ་དང་ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་དངུལ་རྩའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཆ་འཕྲིན་ལས་མངོན་པ་ལྟར་ན། 2024ལོར་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་ལག་བསྟར་བྱས་ནས་ཕན་འབྲས་ངེས་ཅན་ཐོན་སྟེ། “མིང་ཐོ་དཀར་པོའི”ལས་གཞིར་ཞིབ་བཤེར་ཆོག་མཆན་སྤྲད་ནས་དངུལ་བུན་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་ལས་བརྒལ་ཡོད། དངུལ་རྩའི་རྒྱུ་ནོར་དངུལ་གཏོང་ཀུང་ཟིའི་རྐང་དབང་དངུལ་གཏོང་ཚོད་ལྟ་གྲོང་ཁྱེར18ལ་རྒྱ་སྐྱེད་བཏང་བ་དང་། གན་རྒྱ་འཇོག་པའི་འདོད་དོན་རང་བཞིན་གྱི་ཐེབས་རྩའི་གཞི་ཁྱོན་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བཞི་ལས་བརྒལ་ཡོད། འགན་བཅོལ་ལས་རིགས་ཀྱིས་སྐྱིན་ཚབ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་གསུམ་ལས་བརྒལ་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།