རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་རང་བཤེར་རང་བཅོས་ལས་དོན་སྤེལ།
2025.01.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 79

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི《སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་ལུགས་མཐུན་དང་ཚད་ལྡན་དུ་གཏོང་བའི་རང་ངོས་དོ་དམ་གྱི་འགན་འཁྲི་གཙོ་བོ་ཇེ་དྲག་ཏུ་གཏོང་ཆེད།  ཉེ་ལམ་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ2025ལོར་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བྱེད་པར་རང་བཤེར་རང་བཅོས་ཀྱི་ལས་དོན་སྤེལ་མགོ་བརྩམས།

ད་ལོའི་གནས་གཏན་ཁེལ་སྨན་བཅོས་སྒྲིག་གཞིས་རང་བཤེར་རང་བཅོས་བྱེད་པའི་བྱ་བའི་ཁྱབ་ཁོངས་སྔར་ལས་ཆེ་རུ་བཏང་ཡོད།    གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་རང་བཤེར་རང་བཅོས་ཀྱི་ཁྱབ་ཁོངས་སུ་སྙིང་ཁམས་ཁྲག་རྩའི་ཚན་ཁག་དང་ཁོང་ནད་ཚན་ཁག རུས་ནད་ཚན་ཁག  བདེ་སོས་ཚན་ཁག   ནད་ཐོག་སྨན་བཅོས། ཞིབ་བཤེར་སོགས་ཁྱབ་ཁོངས6གི་རྨང་གཞིའི་ཐོག  སྐྲན་ནད་དང་སྦྲིད་སྨན། ནད་ལྗིད་མོའི་གསོ་རིག་བཅས་ཁྱབ་ཁོངས3ཇེ་མང་དུ་བཏང་ནས། ཁྱབ་ཁོངས9ཡི་ཞིབ་བསྡུར་རང་བཤེར་གྱི་གནད་དོན་གསལ་ཐོ་བཟོས་ཡོད།

2025ལོའི་ཟླ4པ་ནས་བཟུང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་རང་བཤེར་རང་བཅོས་བྱས་ཏེ།  “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་བརྒྱུད་ཞིབ་བཤེར་བྱེད་རྒྱུ་མ་ཟད། མུ་མཐུད་དུ་ལྷོད་ཡངས་དང་གཟབ་ནན་ཟུང་འབྲེལ་གྱི་རྩ་དོན་ལྟར་ རྗེས་མཐུད་ཐག་གཅོད་བྱེད་རྒྱུ་རེད།  རང་བཤེར་རང་བཅོས་ནན་ཏན་མིན་པ་དང་སླ་བཅོས་བྱེད་པ།  ཡང་ན་གསང་ནས་ཡར་ཞུ་མི་བྱེད་པ་དང་མི་བདེན་རྫུན་སྒྲིག་བྱེད་པའི་ གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཐག་གཅོད་ནན་མོ་དང་ཡོངས་བསྒྲགས་དམར་འདོན་བྱེད་རྒྱུ་ཡིན་ལ། ། འབྲེལ་ཡོད་བླང་བྱ་ལྟར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་ཆ་འཕྲིན་འབྲེལ་མཐུད་བྱེད་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཞིང་། འབྲེལ་ཡོད་མི་སྣར《གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་འབྲེལ་ཡོད་མི་སྣའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཐོབ་ཐང་དོ་དམ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གྱི་བླང་བྱ་ལྟར།  གཏོང་སྤྲོད་ཀྱི་ཐོབ་ཐང་ཐོ་འགོད་དོ་དམ་བྱེད་རྒྱུ་ཡིན་པ་རེད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།